R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༦ན
[A:༡༢༦ན]ཕྱག་ཕྲེང་བརྡབས་པ་མཛད་བྱུང་བས། ཞབས་དྲུང་ན་གནས་པ་རྣམས་ཀྱང་འཇིགས་ཤིང་སྐྲག་ནས་སྐད་མི་ཐོན་པ་ཙམ་བྱུང་ཞེས་ཐོས་ལ། དེ་ནས་ཡུན་རིང་མ་ལོན་པར་སྔར་གྱི་ཆོམ་པོ་རྣམས་གནས་པའི་ཐོད་ཀྱི་བྲག་དོན་མེད་དུ་ཞིག་ནས་ཕྱུགས་མ་རྣམས་འུར་ཞིང་སྦྲ་འགྱེལ་བ་དང་། ཆོམ་པོ་བྱེད་མི་ལ་བྲག་ཆེན་པོ་ཞིག་ཕོག་སྟེ་རྟགས་མཚན་དྲག་པོ་མངོན་སུམ་དུ་བྱུང་ཞེས་གྲགས་ལ། ཡང་གླིང་དགར་མུས་སྟོང་དཔོན་དང་དབོན་པོ་ཀུན་དགའ་ལྷུན་གྲུབ་སོགས་མཆེད་གྲོགས་འགའ་ཞིག་ལ་དཔལ་ས་སྐྱ་པའི་ཆོས་སྐྱོང་གི་མན་ངག་ཕྱི་སྲུང་འཁོར་བྲག་རྫོང་མ་ཞལ་ཤེས་དང་བཅས་པ་གནང་དུས་ལྗང་ལུང་ལ་ས་ལོ་ཐམས་ཅད་མཁྱེན་པས་དྲུག་ཅུ་པའི་གཏོར་བཟློག་གནང་བས་བྲན་བདུད་ཕོ་མོའི་གཏོར་ཆོག་གི་ཐད་དུ་སླེབས་པ་དང་རླུང་འཚུབ་ཆེན་པོ་ཞིག་ལངས་སྟེ་བླ་བྲང་ཡོམ་ཡོམ་བྱེད་པ་ཙམ་བྱུང་བས། རྗེ་འདི་ཉིད་ལྟ་སྟངས་ཀྱི་ངང་ལ་ཅུང་ཟད་ཀྱང་མི་གཡོ་བར་བཞུགས་འདུག་པས། དེ་མ་ཐག་རླུང་ཞི་སོང་བ་