R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༣བ
[A:༡༢༣བ]ས་སྐྱར་ཕེབས་པའི་སྐབས་དེར་སྒོ་རུམ་ནང་སོ་སོགས་བསྟན་སྲུང་མངོན་སུམ་དུ་བཞུགས་པའི་གནས་རྣམས་མཇལ་བར་ཕེབས་པའི་ཚེ་ནའང་རྟགས་ངོ་མཚར་ཅན་དུ་མ་བྱུང་བ་ཡིན་ཞིང་། ལྷག་པར་ཁའུ་བྲག་རྫོང་དུ་ཕེབས་ནས་ཉི་མ་གསུམ་གྱི་བར་ལ་མཆོད་གཏོར་རྒྱ་ཆེན་པོ་མཛད་པས། དེའི་ཉི་མ་དང་པོའི་ཉིན་གཏོར་ཚོགས་ཀྱི་སྟེང་གི་ནམ་མཁའ་ལ་རལ་གྲི་མེ་འབར་བ་ཞིག་འདུག་པ་མངོན་སུམ་དུ་གཟིགས་ཤིང་། ཉི་མ་བར་མའི་ཉིན་འཕགས་པ་བྲག་ཕུག་ན་ཐུགས་དམ་ལ་བཞུགས་དུས་བར་སྣང་ལ་བྲམ་ཟེ་དཀར་པོ་ཞིག་ཕར་འགྲོ་ཚུར་འགྲོ་བྱེད་པ་མངོན་སུམ་དུ་གཟིགས་གསུངས་ཤིང་། ཆོས་སྐྱོང་བྲམ་ཟེའི་གཟུགས་ཅན་ཉིད་མངོན་སུམ་དུ་གཟིགས་པའི་སྐབས་དེར། གཞན་ཡང་གཟིགས་སྣང་ཁྱད་པར་ཅན་དུ་མ་བྱུང་བར་མངོན་ལ། དེ་ལྟར་ཞིང་སྐྱོང་དྲེགས་པའི་གཙོ་བོ་གདོང་བཞི་མཐུ་རྩལ་ཅན་འདི་ནི། རྗེ་ཉིད་ལ་ས་སྐྱ་པའི་ཆོས་སྐྱོང་གཞན་རྣམས་ལས་ཀྱང་ལྷག་པར་འགོ་བ་ཡིན་ཏེ། ཕྱི་