R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༣ན
[A:༡༢༣ན]གཟིམ་ཆུང་གི་བླ་མ་རབས་རིམ་གྱི་གཟིམ་མལ་འདི་ན་གུར་གྱི་མགོན་པོ་འཁོར་བཅས་ཀྱང་སྔར་ལས་གཟི་བརྗིད་བཀྲག་མདངས་ཆེ་ཞིང་ན་བཟའ་སོགས་ཀྱང་ཟབ་པ་བྱས་བྱོན་འདུག་ཅེས་གསུངས་ཤིང་དགྱེས་དགྱེས་དུ་མ་མཛད་ཀྱིན་འདུག་ཅེས་ཐོས་ལ། དེ་ལྟར་བཀོད་མ་ཐག་པའི་གསུང་གི་ཚིག་རིགས་ལ་དཔགས་ན་དེ་གོང་ནས་ཀྱང་བསྟན་སྲུང་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་མངོན་སུམ་དུ་ཡང་ཡང་གཟིགས་པ་ལ་ཐེ་ཚོམ་མི་དགོས་པར་སྣང་ཞིང་། ཡང་བསམ་གཏན་ཕུར་བཞུགས་པའི་སྐབས་ཤིག་ན་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་སྐུ་ཚད་ཤིན་ཏུ་ཆེ་བས་ཟིལ་དང་བཅས་གཟིམ་ཕུག་གི་མདོ་དེར་འཆམ་སྟབས་དུ་མ་མཛད་པ་ཞིག་ཀྱང་དངོས་སུ་གཟིགས་པར་གྲགས་ཤིང་། ཡང་ལན་ཅིག་སྐུ་མདུན་ན་ཨ་ཙ་ར་མང་པོ་བྲོ་བྱེད་ཀྱིན་འདུག་གསུངས། དེ་གང་ལགས་ཞུས་པས། ནཻ་གུའི་ཆོས་སྐྱོང་རྣམས་ཡིན་པར་འདུག་གསུངས་ཤིང་། གཞན་ཡང་རྗེ་ཉིད་དཔལ་