R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༡ན
[A:༡༢༡ན]པོར་བཞེངས་པར་མཛད་པའི་རིགས་གསུམ་མགོན་པོའི་མཆོད་རྟེན་ལ་ཉམས་གསོ་མཛད་པར་བཞེད་དེ། རྗེ་ཉིད་དཔོན་སློབ་རྣམས་ཀྱི་རིམ་པས་ཕྱག་ཕེབས་ཏེ། རིགས་གསུམ་གྱི་མཆོད་རྟེན་རྙིང་པའི་ཞིག་རོའི་རྨང་གང་ན་ཡོད་འཚོལ་བར་མཛད་པའི་ཚེ། སྐུ་འཁོར་བ་རྣམས་ཀྱིས་ཡུན་རིང་དུ་མ་རྙེད་པ་ལ། དར་ཙམ་ཞིག་ནས་བྱ་རོག་ཅིག་སྐད་སྙན་པོ་སྒྲོག་བཞིན་པ་དང་བཅས། ད་ལྟ་མཆོད་རྟེན་ཡོད་པའི་གདོང་ནག་གི་རི་ཆུང་འདིའི་ཁར་བབས་ནས། བྲག་ལ་མཆུ་ཡང་ཡང་འཛུག་ཤིང་སྐད་དུ་མ་སྒྲོག་གིན་འདུག་པ་ལ། བདག་ཉིད་ཆེན་པོའི་གསུང་གིས་བླ་མ་གོང་མ་རྣམས་ཀྱིས་ལོ་དགྲའི་ཁ་གནོན་དུ་འདེབས་པར་མཛད་པའི་རིགས་གསུམ་མཆོད་རྟེན་གྱི་ཐེས་རོ་བྱ་རོག་བབས་ས་ཡ་གི་ན་ཡོད་པར་འདུག་པས། རང་རེ་རྣམས་མྱུར་དུ་འགྲོ་བ་ཡིན་གསུངས་ཕྱག་ཕེབས་པའི་ཚེ། ཇི་ལྟར་བཀའ་སྩལ་པ་བཞིན་སྔར་གྱི་བྱ་རོག་བབས་པའི་ཤུལ་ན་མཆོད་རྟེན་གསུམ་གྱི་བུམ་