R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༠ན
[A:༡༢༠ན]འཁོར་བའི་མོད་ལ་ཟངས་མོ་ཆེའི་ཕྱི་རོལ་གྱི་རུ་ལོང་རྣམས་ཀྱང་ཁྲོག་སྒྲ་འབྱིན་པ་བྱུང་བས། མཆོད་ཡོན་ཀུན་ཐུགས་ཧ་ལས་ཏེ་ཕྱིར་འགྲོས་ཀྱིས་མགོན་ཁང་གི་ཕྱིར་བྱོན་པར་གྱུར་ཅིང་། དེ་ཉིད་ཁོ་ན་ལ་ཀརྨ་པའི་སྒར་བ་དམངས་དང་། ས་སྐྱའི་སྐྱ་སེར་ཚན་གཅིག་འཁྲུགས་རྩོད་ཆེ་བ་བྱུང་བས། ས་ཀར་གྲུབ་མཐའི་རྟེན་འབྲེལ་དབང་ལས། ཆོས་སྐྱོང་གི་འཚུབ་འགྱུར་ཡིན་པར་སྡེ་པ་ཀུན་སྤངས་པས་རིག་ནས། དེ་དུས་ཡབ་རྗེ་མཐུ་སྟོབས་ཀྱི་མངའ་བདག་ཉིད་ལྷ་ཆེན་རིག་འཛིན་ཕོ་བྲང་ན་སྐུ་མཚམས་བཅད་རྒྱ་དམ་པོ་ལ་བཞུགས་ཡོད་པར་སྡེ་པ་རང་ལ་ཞལ་མཇལ་བྱིན་རླབས་བཀའ་བསྒོ་གནང་དགོས་པའི་གསོལ་བ་ནན་ཆེན་བཏབ་པ་བཞིན། སྔགས་འཆང་ཉིད་ཀྱིས་ཀྱང་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ། སྡེ་པ་ཉིད་བཀའ་སྲུང་གི་འཁུ་ལྡོག་གིས་འཇིགས་པ་ལས་སྐྱོབས་པར་མཛད་པའི་གཏང་རག་ཏུ་ཀོ་ཅག་གི་ཆོས་གཞིས་རྒྱ་དཔང་