R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༩བ
[A:༡༡༩བ]གྱི་དབང་གིས་འགྱངས་པའི་ཚེ། རྗེ་ཉིད་ཀྱི་མཚན་ལམ་དུ་བྱ་ནག་ཁྱི་ནག་སོགས་རོ་སྟོད་ཡན་ཆད་མེད་པ་མང་པོ་སྐུ་མདུན་དུ་ཕུང་ཕུང་བྱུང་བ་ན། དེའི་ནངས་པར་གསུང་ལས། ངེད་ཀྱི་རྨི་ལམ་དེ་བྲིས་སྐུ་མྱུར་དུ་འབྲི་དགོས་པའི་རྟགས་སུ་འདུག་གསུངས་ནས་ཐུགས་རྩོལ་ཆེན་པོས་ཕྱག་བྲིས་ལེགས་པར་མཛད་ནས་རབ་གནས་དང་བསྐང་གསོ་རྒྱས་པར་མཛད་པའི་དུས་སུ་ཡང་ངོ་མཚར་བའི་རྟགས་དུ་མ་བྱུང་བ་ཡིན་ལ། ཡང་སྐབས་ཤིག་ཀརྨ་ཞྭ་དམར་བའི་སྤྲུལ་སྐུ་དང་། གཙང་ནས་སྡེ་བ་ཀུན་སྤངས་དྲུང་མཆོད་ཡོན་གདན་ས་ཆེན་པོའི་གནས་མཇལ་ལ་བྱོན་དུས། ནང་སོ་པུ་ཏྲ་ཁང་མཇལ་བའི་ཚེ། མགོན་ཁང་གི་ནང་དུ་ཡོན་མཆོད་གཉིས་འབྱོར་འཕྲལ། པུ་ཏྲ་ཆེན་པོ་གནས་པའི་ཟངས་ཆེན་ཁྲག་མཚོ་མ་བཀྲ་ཤིས་འོད་འབར་གྱི་ནང་གི་ཆབ་རྣམས། དེ་དུས་དགུན་ཡིན་པས་ཆུ་འཁྱགས་ཆེན་པོར་སོང་བ་དེ་ཚེག་སྒྲ་དང་བཅས་གས་ཏེ། ཕན་ཚུན་དུ་