R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༩ན
[A:༡༡༩ན]བ་བཏབ་པའི་ངོར། པུ་ཏྲ་ཆེན་པོའི་སྐུ་རྐྱང་པ་བཞུགས་པའི་བྲིས་ཐང་ཁྱད་པར་ཅན་འདི་ཕྱག་བྲིས་མཛད་པའི་མནལ་ལམ་དུ་ཨ་ཙ་ར་ཕོ་མོ་གསུམ་བྱུང་བའི་གྲལ་འགོ་མ་དེ་ཤིན་ཏུ་དགའ་བའི་རྣམ་འགྱུར་སྟོན་པ་ལ། གཞན་གཉིས་པོ་དེ་ཅུང་ཟད་ཁྲོས་པའི་ཚུལ་གྱིས་འདུག་པ་ལ། དེའི་ནངས་པར། རྗེ་ཉིད་ཀྱི་གསུང་ལས། ངེད་ལ་མདང་ནུབ་རྨི་ལམ་འདི་བཞིན་བྱུང་བ། བྲིས་ཐང་འདི་ལ་པུ་ཏྲ་མིང་སྲིང་གསུམ་ག་མ་བྲིས་པའི་ལན་པར་འདུག་ཅེས་གསུངས་ཤིང་། འདི་ཡང་འཕྲལ་ལ་འཁུ་ལྡོག་ལྟར་སྣང་ཡང་། དོན་ལ་ཆོས་སྐྱོང་འགོ་ཞིང་འཆེས་པའི་ཐུན་མོང་མ་ཡིན་པའི་རྟགས་སུ་ཤེས་པར་བྱས་ཤིང་། གཞན་ཡང་ངོས་ཅག་རྣམས་ཀྱིས་གསོལ་བ་བཏབ་ནས་གུར་གྱི་མགོན་པོ་ལྷ་བརྒྱད་ཀྱི་བྲིས་ཐང་ཁྱད་པར་ཅན་རྣམས་ཕྱག་བྲིས་མཛད་པའི་དུས་སུ། བྲིས་སྐུ་རྣམས་ཀྱི་སྐུ་སྐྱེད་མན་ཙམ་གྲུབ་ནས་ཞག་འགའ་ཐུགས་བྲེལ་