R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༨བ
[A:༡༡༨བ]ལས། སིལ་སྙན་ཁྱད་པར་ཅན་འདི་ཆོས་སྐྱོང་ཞལ་བཞི་པ་རང་གིས་བཀུག་པར་འདུག་ཅིང་། འདི་ལ་རྗེས་འབྲངས་ཤིག་ཡོད་འདུག་ཀྱང་ཆོས་སྐྱོང་རང་གིས་རིང་དུ་བསྐྲད་ནས། ད་ཆ་སྐྱོན་ཡོང་བ་མེད་པས། ཧོར་སིལ་འདིའི་མིང་ལ་ཡང་ཞིང་སྐྱོང་མར་ཐོགས་ཤིག་གསུངས་པ་བཞིན་ད་ལྟའི་བར་དུ་ཡོངས་སུ་གྲགས་པ་འདི་ཡིན་ལ། དེ་ལྟ་བུ་ནི་ཞིང་སྐྱོང་དབང་པོས་མཐུན་རྐྱེན་དངོས་སུ་བསྒྲུབས་པས་ངོ་མཚར་བའི་རྣམ་ཐར་དུ་ཤེས་པར་བྱ་ཞིང་། ཡང་ཞལ་བཞི་ཡོངས་རྫོགས་ཀྱི་བྲིས་སྐུ་འགའ་ཞིག་ཕྱག་བྲིས་མཛད་པའི་ཚེ་ཡང་། སྐྱེད་ལྷས་ཀྱི་སྒྲུབ་སྡེའི་ཁྲོད་ན་རྗེ་ཉིད་བཞུགས་འདུག་པ་ལ། སྒྲུབ་ཁང་ཞིག་གི་ནང་ན་ཨ་ཙ་ར་གདོང་པ་དམར་ཉག་ཅན་འཇིགས་སུ་རུང་བ་དུ་མ་འདུག་པ་དང་། གཡག་རྒོད་ནག་པོས་ལུང་པ་གང་བ་སོགས་མནལ་ལམ་ཡ་མཚན་ཅན་མང་དུ་བྱུང་གསུངས་པ་ཡང་། ཆོས་སྐྱོང་ཉིད་ཤིན་ཏུ་འགོ་ཞིང་མཉེས་པའི་རྟགས་སུ་མངོན་ཞིང་། ཡང་ཉིད་ཀྱི་རིགས་སྲས་སྔགས་འཆང་ངག་དབང་ཀུན་དགའ་དབང་རྒྱལ་གྱིས་གསོལ་