R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༨ན
[A:༡༡༨ན] ཡང་རྗེ་ཉིད་དཔལ་མགོན་ཞལ་བཞི་པའི་གསུང་བསྙེན་ལ་བཞུགས་པའི་དུས་ཤིག་གི་ཚེ། ད་ལྟ་ཞིང་སྐྱོང་མར་གྲགས་པའི་ཧོར་སིལ་ཁྱད་པར་ཅན་འདི་ནངས་པར་ཕྱག་ཏུ་འབྱོར་རྒྱུའི་དོ་ནུབ་མནལ་ལམ་དུ། མི་སྨུག་ཚོན་པ་ཞིག་གིས་རས་ཀྱིས་གྲིལ་བའི་སིལ་སྙན་ཞིག་རྒྱབ་ལ་ཁྱེར་ནས་ཤར་ཕྱོགས་ནས་བྱུང་བའི་རྗེས་སུ། མི་སྐྱ་བཤར་བ་ཞྭ་ཐེབས་གྱོན་པ་མང་པོ་དང་། བན་ཆུང་མང་པོ་ལུང་པ་ཁེངས་པ་ཙམ་སླེབས་བྱུང་པས། དེ་མ་ཐག་ཨ་ཙ་ར་ནག་པོ་འཇིགས་སུ་རུང་བ་གཉིས་གློ་བུར་དུ་བྱུང་ནས། སྔར་གྱི་མི་སྐྱ་བཤར་བ་དང་བན་ཆུང་ཐམས་ཅད་ཁོང་གཉིས་ཀྱིས་ལུང་པ་མ་བརྒལ་གྱི་བར་དུ་ཕྱིར་བསྐྲད་དེ། དེའི་མོད་ལ་མི་སྨུག་ཚོན་པ་དེ་དྲུང་དུ་སླེབས་པ་དང་མཉམ་དུ་མནལ་སད་བྱུང་བ་ན། ཅི་ཡིན་སྙམ་དུ་དགོངས་པའི་ཚེ། དེའི་ཉིན་མོ་ཧོར་སིལ་འདི་མནལ་ལམ་དུ་བྱུང་བ་བཞིན་རས་འགྲིལ་དང་བཅས་ནས་ཞབས་དྲུང་དུ་འབྱོར་བྱུང་བའི་ཚེ། ཉིད་ཀྱི་གསུང་