R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༧ན
[A:༡༡༧ན]གནོན་གྱི་སྒྲུབ་གནས་གསར་དུ་འདེབས་པར་མཛད་ནས། དེའི་བདུད་འདུལ་ཕུག་ཏུ་བཞུགས་དུས་དཀར་བདུད་ལྕམ་དྲལ་གཉིས་དང་། བུད་མེད་དམར་མོ་རལ་པ་རྟིང་པར་ཁེབས་པ། ལག་ན་ཟངས་ཀྱི་ཞགས་པ་རིང་པོ་ཐོགས་པ་ཞིག་གཟིགས་པ། ཕུར་པའི་སྲུང་མ་ཞིག་ཡིན་པ་འདུག་གསུངས་པ་སོགས་མདོར་ན་ཉི་མ་རེ་རེའི་ནང་དུ་ཡང་ཆོས་སྐྱོང་གི་རྣམ་འཕྲུལ་མཐའ་ཡས་པ་ཞིག་གཟིགས་པར་གདོན་མི་ཟ་ཞིང་མཐུ་སྟོབས་དང་ནུས་པའི་མངའ་བདག་ཏུ་བཞུགས་སོ། །བདག་ཉིད་ཆེན་པོ་དེ་ཉིད་ཀྱི་གཅུང་། བདག་ལ་བཀའ་དྲིན་མཆོག་ཏུ་ཆེ་བའི་ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་རྒྱལ་བའི་རྒྱལ་ཚབ་སེམས་དཔའ་ཆེན་པོ་གྲགས་པའི་མཚན་ཅན་དེ་ཉིད་ལ་བཀའ་སྲུང་ཁྱད་པར་ཅན་རྣམས་ཀྱིས་ཞལ་བསྟན་ཅིང་ཕོ་ཉ་དང་མངག་གཞུག་མཛད་པའི་ཚུལ་ནི། རྗེ་ཉིད་སྐུ་གཞོན་ནུའི་དུས་དཔལ་ས་སྐྱའི་ཆུ་མིག་རྫིང་གའི་བླ་བྲང་བདེ་མཆོག་ཕོ་བྲང་དུ་དཔལ་ཀྱཻ་