R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༨ན
[A:༡༠༨ན]འཇིག་རྟེན་དྲེགས་པའི་ཚོགས་དང་བཅས་པ་རྣམས་ཀྱིས། རྫོང་རི་ལ་མཁར་འདེབས་བྱེད་པོ་དེ་ཉིད་ལོ་ཟླ་མ་འགྱང་པར་ཚར་བཅད་དེ་ཞལ་དུ་བཞེས་ཤིག་པའི་བཀའ་བསྒོ་འཕྲིན་འཆོལ་དྲག་ཏུ་མཛད་དེ། དེ་དུས་ཀྱི་བཞེས་ཁྲའི་ཤོག་རིལ་དེ་ཉིད་ད་ལྟ་ཡང་སྒོ་རུམ་ཡེ་ཤེས་མགོན་པོའི་ཞལ་གདོང་ན་ཡོད་པ་འདི་ཡིན་ལ། དེ་ནས་བཟུང་སྟེ་ལྷ་ས་རྫོང་གི་རི་འདི་ལ་སྡེ་དཔོན་ཆེ་ཕྲ་སུ་ཞིག་གིས་མཁར་ལས་བྱས་ཀྱང་དེ་ཉིད་མཐར་མི་ཕྱིན་ཅིང་། བྱེད་པ་པོ་རྣམས་ལ་ཡང་མྱུར་བ་ཉིད་དུ་རྟགས་མཚན་དྲག་པོ་མངོན་སུམ་དུ་འབྱུང་བ་ནི་དིང་སང་གི་སྐྱེ་བོ་ཐམས་ཅད་ལ་རླུང་ལྟར་གྲགས་ཤིང་ཀུན་གྱི་ཁ་ན་རྒྱུ་བ་འདི་ཡིན་ནོ། །དེ་དག་དང་དུས་མཚུངས་པར་སྔོན་བཙོ་བབས་ནས་བྲག་གཤགས་པའི་ས་ཕྱོགས་དེ་ཉིད་དུ་འབྲོག་པ་བརྒྱ་དཔོན་སྨད་པའི་རུ་པའི་དཔོན་མཚན་འབུམ་དུ་གྲགས་པ་དང་། ཀུན་བཟང་དཔལ་ཆེན་གྱི་བུ་གཉིས་དམར་བཤལ་གྱིས་མྱུར་དུ་འདས་ཤིང་། དེ་ནས་བཟུང་སྟེ་གདན་ས་ཆེན་པོར་ཞབས་འདྲེན་བྱེད་པའི་རྟ་ཇག་པར་གྲགས་པའི་