R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༧བ
[A:༡༠༧བ]ས་རྫོང་པས་ཞབས་དྲུང་དེ་ཉིད་དུ་སྔ་ཕྱིར་ཞབས་འདྲེན་སྟོབས་ཆེས་པ་ནས། ད་ལམ་གདན་ས་ནས་ཀྱང་ལྷ་ས་རྫོང་དུ་དམག་འདྲེན་སྐྱ་འཐོར་སོགས་གནང་བ་སྐབས་ཐོབ་ཡིན་པས། དེ་བཞིན་དུ་གནང་དགོས་ཞུ་བ་ལྟར། བདག་ཉིད་ཆེན་པོས་ཀྱང་དེ་དང་མཐུན་པར་བསམ་པ་རྫོགས་པར་མཛད་ཅིང་། དེ་ནས་ལྷ་ས་རྫོང་དེ་ཉིད་ལྷ་ས་བ་རང་གི་ཆ་ཞབས་རང་ཁུལ་ནས་ས་རྡལ་དུ་བསྒྱེལ་བའི་རྫོང་རི་དེ་ཉིད་དུ་སྔགས་འཆང་མཐུ་སྟོབས་ཀྱི་དབང་ཕྱུག་འདི་ཉིད་འཁོར་རྡོ་རྗེ་འཛིན་པའི་ཚོགས་དང་བཅས་པས། བླ་མ་གོང་མའི་ཐུགས་དམ་མའི་ཡེ་ཤེས་པ་བཞུགས་ངེས་པའི་འཆམ་མགོན་ལྕམ་དྲལ་བྱིན་རླབས་ཅན་ཐམས་ཅད་སྤྱན་འདྲེན་པར་མཛད་ནས། བདག་ཉིད་ཆེན་པོ་དཔོན་སློབ་རྣམས་ཀྱིས་མཁའ་འགྲོ་ཆོས་སྐྱོང་སྲུང་མ་མཐུ་རྩལ་ཅན་རྣམས་ལ། དམ་ཉམས་གཏན་བརླག་ཏུ་ཐོང་པའི་གཏང་རག་རྒྱས་པར་འབུལ་བ་མཛད་པ་དང་བཅས། སླད་ནས་ཀྱང་རི་འདི་ལ་སྐྱེ་བོ་སུ་ཞིག་གིས་བཙན་གནས་སུ་དམིགས་པའི་མཁར་འདེབས་པ་བྱེད་པ་བྱུང་ན། ས་སྐྱ་པའི་བཀའ་སྲུང་དམ་ཅན་རྒྱ་མཚོ་