R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༥བ
[A:༡༠༥བ]ཆད་ནས་ཕྱོགས་བཅུར་འཐོར། དེ་ནས་བཙོ་གསུམ་པོ་དེ་རེག་ལ་མ་འདྲེས་ཙམ་དུ་དབུས་རི་བརྒལ་ནས་སོང་བ་ཐམས་ཅད་ཀྱིས་མཐོང་ཞིང་། དབུས་རི་བརྒལ་ནས་ཆ་གཉིས་སུ་བྱས་ནས། གཅིག་འབྲོག་ལ་བརྒྱ་དཔོན་གྱི་ས་ཆ་ཤྲཱི་བྲག་གི་རྩ་བར་བབས་པས། བྲག་གས་པའི་སྲུབ་ནས་ཁྲག་བརྒྱུགས་པས་བོང་ཆུའི་གཞོགས་གཅིག་ཁྲག་མདོག་ཏུ་གྱུར་པ་སོགས་བྱུང་ཟེར་བ། ས་ཡུལ་དེ་ཕྱོགས་ནས་བྱུང་བའི་སྐྱ་སེར་ཐམས་ཅད་མགྲིན་གཅིག་ཏུ་གླེང་བ་བྱུང་ཞིང་། སླར་གདན་ས་རང་ནས་བཤེར་འདོན་ལ་ཕྱིན་པའི་མི་སྣ་རྣམས་ཀྱིས་ཀྱང་དངོས་སུ་མཐོང་ངོ་ཞེས་ཐོས་ལ། ཆ་གཅིག་ངམ་རིང་ཐེག་མཆོག་གླིང་གི་སྤེན་བད་ལ་ཕོག་པ་ན། དེའི་ཚེ་བྱང་པ་བཀྲས་སྟོབས་པས་ཐེག་མཆོག་གླིང་དུ་སྔགས་པ་མང་དུ་བསྡུས་པ་རྣམས་དང་ཁྱད་པར་བོ་དོང་གི་སྔགས་པ་རྣམས་ངག་མཐུན་པར། རྔོད་ལའི་རྩེར་བཙོ་གསུམ་བྱུང་ནས་ཚུར་སླེབས་པ་ན་གཅིག་ཏུ་འགྲིལ་ཏེ་ཐེག་མཆོག་གླིང་རང་གི་སྤེན་པད་ལ་ཕོག་པས། སྤེན་མས་