R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༣ན
[A:༡༠༣ན]འཆང་ཆོས་ཀྱི་རྒྱལ་པོས་ཕྱག་གཉིས་ཀར་གྱིས་ཕྱག་དབང་གནང་ནས། དཔྲལ་བ་མཐིལ་ཞལ་ལ་ཐུག་གི་བར་གནོན་པར་མཛད་སོང་པའི་ཚེ། སྒར་པ་དེ་ཤིན་ཏུ་འཇིགས་ཤིང་དཔའ་ཁོངས་གདོང་རྔུལ་འཛག་ཅིང་འདར་ཞིང་དངངས་པས་ཕྱིར་ཐོན་པར་གྱུར་ཅིང་། དེ་ཉིད་ཀྱི་མགོ་ལ་སྔགས་འཆང་ཉིད་ཀྱིས་བཀའ་སྩལ་པ་བཞིན་གྱི་ཏིམ་པའི་ཐུམ་བྱས་པའི་བསྲུང་བ་ཞིག་བཏགས་འདུག་གོ་ཞེས་ཀྱང་ཐོས་ལ། དེ་ཉིད་ཀྱི་ནུབ་མོ་སྡེ་སྲིད་བསོད་ནམས་ལྷུན་གྲུབ་ཉིད་སྔགས་འཆང་ཉིད་ཀྱི་དྲུང་ན་བཞུགས་ཡོད་པའི་ཚེ། ཐུགས་དམ་གཏོར་མའི་རྩེ་མོ་ཆད་བྱུང་བ་ན། དེ་ནས་ཅུང་ཟད་སོང་བའི་ཚེ་ཚེག་སྒྲ་དང་མེ་སྟག་ཁྲོམ་ཁྲོམ་བྱུང་བའི་མཚམས། གཏོར་མ་ནས་མེ་འོད་ཆད་དེ་གཡབ་ཁྲའི་ཕྱིར་སོང་བ་ན། ཕྱག་གཡོག་སོགས་ཕྱི་ན་ཡོད་པ་རྣམས་ཀྱི་བསམ་པ་ལ་གཟིམ་ཁང་གི་ནང་ལ་མེ་ཤོར་བར་འདུག་སྙམ་ནས་གཡབ་ཁྲའི་ནང་དུ་ཏབ་ཏོབ་ཏུ་སླེབ་པར་གྱུར་ཅིང་། དེ་ནས་མེ་དེ་ནམ་མཁར་འཐོར་