R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༡བ
[A:༡༠༡བ]ལ་གནག་པའི་བྱང་པའི་དཔོན་རིགས། རིན་སྤུངས་པའི་ཞལ་ངོ་དཔོན་བློན་རྣམས་ཀྱི་མིང་རུས་སོགས་དང་། རྒྱལ་མཁར་རྩེ་པའི་ཞལ་ངོ་རྣམས་ཀྱི་མིང་རུས་དང་། ལྷག་པར་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་མཚན་བྱང་འཇུག་པར་བྱས་ཏེ། རིག་འཛིན་ཆེན་པོ་ཁོང་གི་ཁ་ཆེམས་ཡིན་ཟེར་ནས་མཐུ་བྱས་པའི་ལུགས་སུ་བྱས་ཤིང་བཀྲས་སྟོབས་པ་རང་ཉིད་ཀྱི་ཚེ་བདག་མཆོད་རྟེན་བཅས་ཆོག་སོགས་སྣ་ཚོགས་བྱས་སོ་ཞེས་ཐོས་ཤིང་། དེ་དེའི་སྐབས་ནས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཉིད། ཆོས་རྒྱལ་བསོད་ནམས་ལྷུན་གྲུབ་པ་སྐུ་མཆེད་རྣམས་ཀྱིས་རྒྱལ་མཁར་རྩེར་སྤྱན་དྲངས་ཏེ་ཕྱག་ནས་ལེགས་པར་ཕེབས་ནས། དེ་སྐབས་སུ་བསྟན་པ་དང་སྦྱིན་བདག་རྣམས་ལ་དགོངས་ནས། རྩེ་རྒྱལ་མགོན་ཁང་དུ་གུར་ཞལ་འཁོར་བཅས་ཀྱི་རྟག་གཏོར་འཛིན་གཏོར་ཡང་འཛུགས་པར་གནང་བ་ཡིན་ནོ་ཞེས་ཀྱང་ཐོས་ལ། གཞན་ཡང་སྡེ་སྲིད་ཞལ་ངོ་རྣམས་ཀྱི་སྐུ་རིམ་དུ་རྡོ་རྗེ་ཕུར་པའི་གཏོར་བཟློག་ཅིག་ཀྱང་གནང་བར་མཛད་ཅིང་། དེ་དུས་རྒྱལ་