R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༡ན
[A:༡༠༡ན]བུ་ཡང་ཞུ་དགོས་ཡོང་གི་འདུག་མོད། གྲུབ་མཐའི་ཆ་རྒྱ་བོད་ཧོར་སོགས་ཐམས་ཅད་དུ་ཆོས་ལུགས་དཔལ་ལྡན་ས་སྐྱ་པ་ལས་ལྷག་པ་གཞན་མེད་ཅེས་མཁས་གྲུབ་ཐམས་ཅད་མཐུན་སྣང་གྲུབ་ཅིང་འགྲན་ཟླ་དང་བྲལ་བ་ཡིན། དེ་འདྲའི་གཏམ་ཅི་ཟེར་ཆོས་སྤོང་གི་ལས་གསོག་པར་འདུག རྣ་བ་དགབ་དགོས་པའི་གཏམ་ཡིན་ཟེར་བ་སོགས་ཐམས་ཅད་རྒྱུད་འཁྲུགས་ཏེ་གྲལ་ལ་འུར་ལང་དང་རྡོག་པ་རྡེབ་པ་སོགས་རྣམ་འགྱུར་སྣ་ཚོགས་བྱུང་ཞེས་ཕྱིས་དེར་འདུས་པ་ཐམས་ཅད་གླེང་བར་གྲགས་ཤིང་། དེ་ནས་ལྷ་ས་རྫོང་གི་མཆོད་ཡོན་རྣམས་སོ་སོར་གྱེས་ཏེ། མངའ་རིས་རིག་འཛིན་པ་བྱང་གི་ཐེག་མཆོག་གླིང་དུ་བརྫངས་པ་ཡིན་ནོ་ཞེས་ཐོས་སོ། །དེ་ནས་མྱུར་བར་མངའ་རིས་རིག་འཛིན་པ་ཚེའི་དུས་བྱས་པ་ན། བྱང་པ་བཀྲས་སྟོབས་པས་སློབ་དཔོན་པདྨའི་སྐུ་ཐོག་ཚད་མ་གཅིག་བཞེངས་དེའི་ཁོག་ཏུ་རིག་འཛིན་པའི་ཕུང་པོ་བཅུག་ནས་ཁ་རིན་སྤུངས་ལ་བསྟན། རོའི་ཁ་གདངས་པའི་ནང་དུ་ཁོང་རང་ཚོ་