R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༠བ
[A:༡༠༠བ]གཏོར་བཟློག་གྲུབ་པའི་བཞུགས་གྲལ་གྱི་སྐབས་སུ་སྔགས་འཆང་ཉིད་ཀྱི་གསུང་ལས། བཀའ་སྲུང་རྣམས་དགྲ་བགེགས་ལ་ཤིན་ཏུ་རྔམ་པར་འདུག་པས། ཆོས་སྲུང་རྣམས་ལ་གཏང་རག་ཟབ་དགོས་པར་འདུག་གོ་ཞེས་བཀའ་སྩལ་གནང་བར་མཛད་ལ། དེ་སྐབས་ནས་བཟུང་སྲོད་ཐོ་རངས་བཙོ་བརྒྱུག་ལ་སོགས་རྟགས་མཚན་མང་དུ་བྱུང་། དེ་དང་དུས་མཚུངས་པར་གོང་དུ་བཤད་པ་ལྟར་གྱི་ལྷ་ས་རྫོང་དུ་མཐུ་མཁན་འདུས་པ་རྣམས་ལ་ཚོགས་འཁོར་ཟབ་པར་བཤམས་པའི་གྲལ་གཏམ་ལ། མངའ་རིས་རིག་འཛིན་པས། བདག་པོ་བཀྲ་ཤིས་སྟོབས་རྒྱས་དྲུང་དང་། ལྷ་ས་ནས་ཁྱེད་ཞང་དབོན་སྐུ་སྟོབས་དང་ལྡན་པའི་སྐབས་འདིར། ཆུ་འགོ་ཡ་གིར་ཆོས་ལོག་མཁན་འདི་ཚོ་མེད་པར་མཛད་དགོས་རྒྱུར་འདུག་ཅེས་གླེང་བ་ན། དཔལ་རྩེ་བ་དང་། མཚོ་སྒོ་བ་སོགས་དཔོན་རིགས་ཐམས་ཅད་ཡིད་མ་རངས་པར་མགྲིན་གཅིག་ཏུ། ས་སྐྱ་པའི་ཞལ་ངོ་གདུང་རྒྱུད་ཀྱི་སར་འཐད་མི་འཐད་སྣ་ཚོགས་ལ་བརྟེན་ཞབས་འདྲེན་ཕྲན་