R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༠ན
[A:༡༠༠ན]རིས་ཁྱི་གཞུག་མ་བྱས་པ་བདུན་ཚར་ཞིག་ཡོད་པ་རྣམས་ལ་སྒྱོགས་འཕེན་པར་མཛད་རྗེས། གུར་གྱི་མགོན་པོའི་གཏོར་ཆེན་གནང་ནས། ན་བཟའི་གཡབ་རྡོ་དང་འཕྲིན་བཅོལ་མང་དུ་གནང་ཞིང་། དེ་བསྟུན་ཟོར་ལས་སོ་སོས་ཀྱང་དམོད་བཅོལ་དང་གཏོར་མ་བརྒྱབ་གྲུབ་མཚམས་ནམ་མཁའ་འཇམ་པར་ཡོད་པ་ལ། གློ་བུར་དུ་ས་སྐྱ་སྡེ་ནས་འཚུབ་མ་ཆེན་པོ་ཞིག་ལངས་ནས་ཟོར་ལམ་ཕྱོགས་སུ་སོང་ནས་ལུང་གྲོག་ཕན་ཐལ་རླུང་ཆེན་པོས་ཁྲིག་འགགས་ཤིང་། དེའི་གསེབ་ཏུ་ནམ་མཁར་བྱ་རོག་ཁ་གདངས་ནས་དགྲ་ཕྱོགས་སུ་བརྒྱུགས་པ་དང་། ས་ལ་ཁྱི་མང་པོ་ཁ་གདངས་ནས་བརྒྱུགས་པ་ནི་དེར་འཚོགས་ཀུན་གྱིས་མཐོང་ངོ་ཞེས་ཐོས་ལ། སྐབས་དེར་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གཟིགས་སྣང་ལ། རླུང་ནག་འཚུབ་པའི་ཁྲོད་ན་ཆོས་སྐྱོང་གི་ཕོ་ཉ་ལས་མཁན་རྣམས་དྲག་པོའི་རྔམ་སྟབས་དང་བཅས་དགྲ་ཕྱོགས་སུ་བརྒྱུགས་པ་མངོན་སུམ་དུ་གསལ་བར་གཟིགས་ནས།