R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༩ན
[A:༩༩ན]གནང་ཞིང་། མཁན་ཆེན་དཔལ་ལྡན་བཟང་པོ་ལ་པུ་ཏྲའི་གཏོར་མ་འཕེན་པར་བཀའ་སྩལ། གཞན་ཡང་བསྙེན་སོང་ནུས་པ་ཆེ་བ་རྣམས་ལ་བདུད་རྒྱལ་དང་སྤྱི་གཏོར་འཕེན་པར་བཀའ་ཕེབས་ཤིང་། ཟོར་ལས་པ་རྣམས་ཀྱིས་སོ་སོའི་བསྙེན་པ་ཁ་གསོ་དང་། གཏོར་བསྔོ་སྐབས་དམོད་བཅོལ་སོགས་རང་རང་གི་བསམ་པ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ་གང་གྲུབ་གྱིས་ཤིག་ཅེས་བཀའ་གནང་བཞིན་ལེགས་པར་གྲུབ་པ་དང་། དེ་ནས་དུས་མདོས་དངོས་གཞིའི་དུས་སུ་ཆོས་སྐྱོང་གི་འཆམ་མགོན་སྤྱན་འདྲེན་པར་མཛད་པ་ཡང་འཕགས་པས་ཕྱག་ནས་གནང་བ་ཧོར་བཟློག་མགོན་པོར་གྲགས་པ་ལྕམ་དྲལ་དང་། བཞི་ཐོག་པ་མཁས་བཙུན་ཆེན་པོས་བྱང་པ་ཏ་དབེན་བསྒྲལ་དུས་ཆོས་སྐྱོང་གི་ལུང་བསྟན་བཞིན་བཞེངས་པའི་བྱང་འདུལ་མགོན་པོར་གྲགས་པ་སོགས་ཡེ་ཤེས་པ་བཞུགས་ངེས་པའི་ཤིན་ཏུ་གཉན་པའི་འཆམ་མགོན་ལྕམ་དྲལ་བདུན་སྤྱན་འདྲེན་པར་མཛད་དེ། དེའི་འཁོར་དུ་རུ་འདྲེན་གྱི་ཚུལ་གྱི་སྐྱེས་པ་གོ་མཚོན་ཅན་རྣམས་དང་།