R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༥བ
[A:༩༥བ]ཐུགས་ཡིད་ཐེ་ཚོམ་ལོག་གེ་བ་དང་བཅས་མགྱོགས་པར་ཕེབས་པའི་ཚེ། སྦྲང་མདའ་ནས་མདའ་རྒྱང་གསུམ་ཙམ་གྱི་ས་ནས་སྲོད་ཆེན་ཙམ་དུ་གྱུར་པ་ན། དཔོན་སློབ་རྣམས་ཀྱིས་ལམ་བོར་ཏེ། རེས་འགའ་ནི་རི་འགྲམ་དུ་ཕེབས་ཡོང་བ་དང་། སྐབས་འགར་ཆུ་འགྲམ་གྱི་བྱེ་མར་བྱིང་བ་སོགས་ངེས་མེད་སྣ་ཚོགས་ཀྱིས་ཅི་བྱ་གཏོལ་མེད་ཀྱི་རྣམ་པ་བྱུང་བའི་ཚེ། དཔོན་སློབ་རྣམས་ཀྱིས་སྔགས་འཆང་ཉིད་ཀྱི་གསུང་དྲན་ནས་གསོལ་འདེབས་དྲག་ཏུ་མཛད་པ་ན། ཐོག་མར་འཇམ་པའི་དབྱངས་དབང་པོའི་མཚན་ཅན་ཉིད་ཀྱིས་རྐང་རྗེས་གསུམ་སྲབ་སྲིབ་ཏུ་ཡོད་པ་གཟིགས་ནས། སླར་ཡང་གསོལ་བ་དྲག་ཏུ་བཏབ་པས་རྐང་རྗེས་ཆུང་བ་དེ་ཤིན་ཏུ་གསལ་བར་གྱུར་པའི་རྗེས་བརྩད་ནས་དཔོན་སློབ་རྣམས་ཀྱིས་བྱོན་པས། ལམ་ལ་ནོར་འཁྲུལ་ཅུང་ཟད་ཀྱང་མེད་པར་བསམ་ཡས་སུ་ནམ་མ་ཕྱེད་ཙམ་ལ་ཕེབས་པར་གྱུར་ཅིང་། དེ་ནས་ཅུང་ཟད་སོང་བ་ན་མཆོད་གཡོག་ཕྱག་ཕྱི་བ་སླེབས་བྱུང་ནས། ཁོང་གི་མཐོང་སྣང་ལ་རྡོ་མཆོད་ཐང་ཁའི་འོག་ཙམ་