R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༢བ
[A:༩༢བ]གྱིས་གྱ་ནོམ་པར་གྱུར་ཅིང་། མདར་པའི་དམག་མི་རྣམས་ཀྱིས་ཕྱིར་འཁྲུག་པ་ལྟ་ཞོག་རྫོང་ནང་དུ་ཡང་སྡོད་མི་ཆགས་པ་ལྟ་བུའི་དངངས་སྐྲག་ཆེན་པོ་བྱུང་བ་སོགས་དེ་དུས་རྒྱུས་ཡོད་ཀྱི་མི་རྣམས་ཀྱིས་ངག་ནས་བརྒྱུད་དེ་ཐོས་ཤིང་། སྐབས་དེར་སྟག་སྣ་འཛོམ་ཆེན་གྱིས་ས་སྐྱ་པར་དོན་མེད་ཀྱི་ལྟ་ལོག་ཆེན་པོ་བྱས་པར་བརྟེན། ཆོས་སྐྱོང་རྣམས་ཀྱིས་བཀའ་ཆད་ཀྱིས་ཁོ་རང་འཐབ་བྲལ་དུ་སོང་། མགོ་བོ་གདོང་དགའ་བས་ས་སྐྱའི་སྒོ་རུམ་མགོན་ཁང་དུ་ཕུལ་བ་དུས་ཕྱིས་སྟག་སྣ་པ་རང་གི་སྤྱན་གཟིགས་ཁྲབ་སོགས་ཕུལ་ནས་མགོ་བོ་ཕྱིར་སློག་མཛད་པ་ཡིན་ནོ་ཞེས་གྲགས་ལ། དུས་དེ་ཉིད་ཀྱི་ཚེ་དམག་གི་དོན་མ་གོ་འདྲས། མང་མཁར་གྱི་རྗེ་ཚར་པའི་དགོན་པ་དམུའི་མགོན་ཁང་ལ་བཅོམ་ཁྱེར་ཆེ་བ་བྱུང་པ་ན། ཚར་པའི་མ་ཆེན་རྡོ་རྗེ་བཀྲ་ཤིས་ཀྱིས། རང་རེའི་དགོན་པ་ནི་དམག་མི་རྣམས་ཀྱིས་བཅོམ་སོང་། མཐུ་ཡོད་ན་ད་རེས་ས་སྐྱ་པ་མཆོད་ཡོན་རྣམས་ལ་རྟགས་ཐོན་པ་ཞིག་ཅིས་ཀྱང་