R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༢ན
[A:༩༢ན]མཐུ་རྩལ་གྱིས་མདར་གདོང་གཉིས་ཀྱི་དཔུང་གི་མཚམས་ནམ་མཁའ་སྔོ་བསང་ངེ་ལ་གློ་བར་དུ་སྤྲིན་ནག་འདུས་ཏེ་ཐོག་འབྲུག་གི་སྒྲ་རྒྱུན་མི་ཆད་སྒྲོག་པ་དང་བཅས་སེར་བ་ཆེན་པོ་བབས་པའི་རྐྱེན་བྱས། མདར་པའི་དམག་རྣམས་འུར་ལངས་ཏེ་སྐད་ཅིག་ལ་བྱེར་བར་གྱུར་ནས། གདོང་དགའ་བའི་ཕྱོགས་ཀྱིས་གཡུལ་རྒྱལ་དཔེ་མེད་ལོན་ཏེ། མདར་གཞུང་གི་སྐྱེ་བོ་རྣམས་ཀྱི་ཕྱི་ནང་གི་དངོས་པོ་ཐམས་ཅད་གདོང་དགའ་བའི་དམག་མི་རྣམས་ཀྱིས་ཧབ་ཐོབ་ཏུ་ཁྱེར་ཞིང་། ལོངས་སྤྱོད་ཀྱི་དཔལ་