R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༡བ
[A:༩༡བ]ས་སྲབ་རིབ་ཅིག་ལ་སྐུ་གཉེར་གྱིས་བསྐང་གསོ་གཏོར་བར་ཕྱིན་པ་ན། མགོན་ཁང་མདོའི་འབྲོང་གསོབ་ཀྱི་འོག་དེར། མི་འགའ་རེ་གླེང་མོ་བྱེད་པ་ལྟ་བུའི། དམ་ཉམས་སྟག་སྣ་འཛོམ་ཆེན་ཁོ་ཟེར་བའི་ཚིག་རིས་གསལ་བ་ལ། གཞན་གོ་མིན་མི་གོ་མིན་གྱི་ལབ་རྫི་དར་དིར་མང་པོ་དང་བཅས་ཐག་སྒྲ་ཤིན་ཏུ་ཆེ་བ་ཞིག་བྱུང་བས། ལན་ཅིག་སྐུ་གཉེར་གྱིས་ཕྱིར་བྲོས་ཤིང་། སླར་གྲོགས་དང་བཅས་བལྟ་བར་ཕྱིན་པས། འབྲོང་གསོབ་ཀྱི་འོག་དེར་སྤྱན་གཟིགས་ཀྱི་རལ་གྲི་ཤིན་ཏུ་བཟང་བ་ཞིག་བསྐྱུར་བའི་འཁྲིས་ན། ཤོག་བུ་ལ་ཁྲག་གི་ཡི་གེ་འཛའ་འཛོག་མང་པོ་བྲིས་པ་ཞིག་འདུག་པས། དེ་དག་ཁྱེར་ཏེ་རྒྱལ་ཡུམ་སྐུ་མཆེད་ལ་གནས་ཚུལ་བྱུང་བ་རྣམས་ཕུལ་བས་རང་རེས་མི་ཤེས། ཞབས་དྲུང་རང་དུ་འབུལ་མི་བཏང་བ་འཐད་གསུངས་ནས། རལ་གྲི་ཁྲག་ཡིག་དང་བཅས་པ་སྔགས་འཆང་ཉིད་ཀྱི་དྲུང་དུ་ཕུལ་བ། འབྱོར་མ་ཐག་ཤོག་བུ་ཁྲག་ཡིག་ཅན་དེ་ལ་གཟིགས་ནས། སྔགས་འཆང་ཉིད་ཀྱི་གསུང་ལས། ངེད་ལ་བསེ་མགོན་ཆེན་པོས་ལུང་བསྟན་གནང་བར་འདུག ད་ལམ་གྱི་གདོང་དགའ་བའི་དཔུང་འདི། སྟག་སྣ་དང་གཞིས་ཆེན་བརྒྱུད་ནས་འཇུག་རྩིས་ཡིན་འདུག་ཀྱང་། དེ་བཞིན་བྱས་ན་མི་ལེགས། མང་མཁར་བརྒྱུད་པ་རང་ལེགས་ཟེར་བ་འདུག་པས། དེ་བཞིན་གྱིས་ཤིག་པའི་ཕེབས་སྒོ་སྩལ་པས། གདོང་དགའ་བས་ཀྱང་བཀའ་བཞིན་བསྒྲུབས་པ་ན། སྔགས་འཆང་ཉིད་ཀྱི་