R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༡ན
[A:༩༡ན]པུ་ཏྲ་ཁང་གི་ཚོན་རྩི་རབ་གནས་སོགས་ཐམས་ཅད་མཐར་ཕྱིན་གྲུབ་པ་ལེགས་པ་འདུག ཅེས་གསུངས་པ་བཞིན་མྱུར་དུ་གྲུབ་པར་མཛད་པ་ཡིན་ནོ་ཞེས་ཐོས་ལ། ཡང་སྔགས་འཆང་ཉིད་ཀྱི་ཐུགས་སྲས་འཇམ་པའི་དབྱངས་དབང་པོའི་མཚན་ཅན་དགུང་ལོ་དྲུག་བཞེས་ཤིང་། ཡབ་རྗེ་སྦས་པའི་སངས་རྒྱས་འཁྲུངས་མ་ཐག་པའི་ཕག་ལོ་འདས་ནས་བྱི་ལོ་གསར་དུ་ཤར་བའི་སྐབས་དེར་གཡས་རུ་བྱང་བའི་དཔོན་རིགས་མདར་གདོང་གཉིས་འཁྲུགས་པར་གྱུར་ཏེ། དེ་དུས་གདོང་དགའ་བས་ས་སྐྱ་པ་ལ་རྒྱབ་བཞེངས་དགོས་པའི་སྙན་འབུལ་ཞུས་ཀྱང་། སྤྱི་མཆོད་ཡིན་པས་སྐབས་སུ་མི་བབ་གསུངས་ནས། མངོན་གྱུར་ཆེན་པོ་མ་གནང་ཞིང་། འོན་ཀྱང་སྔགས་འཆང་ཆོས་ཀྱི་རྒྱལ་པོ་དཔོན་སློབ་རགས་བསྡུས་ཤིག་མདོར་མར་ཕྱག་ཕེབས་ཏེ། ཀ་དྲུག་མའི་སྤེ་འུར་གདན་ཆགས་ནས། མགོན་པོའི་གཏོར་བཟློག་ཅིག་སྒྲུབ་པར་མཛད་པས། དེ་དང་དུས་མཚུངས་པར་དཔལ་ས་སྐྱའི་སྒོ་རུམ་ཡེ་ཤེས་མགོན་པོའི་མགོན་ཁང་དུ་