R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༠བ
[A:༩༠བ]ཆོས་ཀྱི་རྒྱལ་པོ་དཔོན་སློབ་རྣམས་དགེ་སྡིང་ཕྱོགས་སུ་ཁོར་ཙམ་ཕེབས་པའི་དགོངས་གཏད་གནང་བའི་ཚེ། དེའི་ནུབ་མོ་བདག་ཉིད་ཆེན་པོ་ཉིད་ཀྱི་གཟིམ་ཆུང་ལྷུན་གྲུབ་ཕོ་བྲང་གི་གཟིམ་སྒོ་དང་ཤུགས་སྒོ་སོགས་བརྡུངས་ཤིང་སྐད་སྣ་ཚོགས་སྟོན་པའི་རྗེས་སུ་པུ་ཏྲ་ཆེན་པོ་ཉིད་དུང་ལོང་སྐྱ་ཁྲོལ་ལེ་བ་དང་བཅས་སྔགས་འཆང་ཉིད་ཀྱི་དྲུང་དུ་ཐལ་བྱུང་ནས། ནང་སོའི་པུ་ཏྲའི་སྐུ་ལ་རྩི་ཚོན་རབ་གནས་སོགས་མི་མཛད་པར་རང་འདི་གར་འཇོག་པ་ཡིན་ནམ་ཞེས་པ་ལ། ད་ལྟ་མཚལ་སོགས་སྟབས་བདེ་བ་མེད་པས། དགེ་སྡིང་འཁོར་ནས་བྱེད་རྩིས་གསུངས་པ་ལ། ཡང་པུ་ཏྲ་ན་རེ། མཚལ་གྱི་ཚབ་རྡོ་བཙག་ལ་མཛད་པ་ཞུ་ཞེས་ཞུ་བ་ན། འོ་ན་དེ་བཞིན་བྱ་ཡི་གསུངས་ནས། དེའི་ནངས་པར་སྔ་བར་གདུང་སྲས་འཇམ་པའི་དབྱངས་སྐུ་མཆེད་དང་། སྤྲུལ་སྐུ་མགོན་པོ་ཚེ་དབང་སོགས་ཞབས་དྲུང་དུ་འབོད་པར་མཛད་དེ། མདང་ནུབ་མོ་ངེད་ལ་སྣང་ཚུལ་འདི་བཞིན་བྱུང་བས། དགེ་སྡིང་ཕྱོགས་སུ་འགྲོ་བའི་སྔོན་ལ་ནང་སོ་