R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༩བ
[A:༨༩བ]ཟངས་འདི་ནུབ་ཏུ་དྲོངས་ཤིག་གསུངས་ནས་དེ་ལྟར་བྱས་པ་ན། མགོན་པོ་བསམ་གྲུབ་ཟེར་བའི་སྐྱེ་བོ་ཞིག་གིས་བྱིན་རླབས་རིལ་བུ་མ་ཞུས་པ་ཟངས་འདེགས་པའི་ལས་གྲོགས་བྱས་པ་ན། དེ་མ་ཐག་སྣ་ཁྲག་ཆུ་བོའི་རྒྱུན་ལྟར་བརྡོལ་ནས་ཤི་ལ་ཁད་པ་བྱུང་བའི་ཚེ། སྔགས་འཆང་ཉིད་ཀྱིས་པུ་ཏྲ་ལ་བཀའ་བསྒོ་མཛད་པས་ཉེས་པ་ལས་གྲོལ་ཞིང་། དེ་ནས་ཟངས་ཆེན་ཆབ་གཙང་མས་བཀང་སྟེ། མགོན་ཁང་གི་ནུབ་ཕྱོགས་དེར་བཞུགས་སུ་གསོལ་ནས་སྔགས་འཆང་ཉིད་ཀྱིས་རབ་གནས་མཛད་པའི་ཚེ། དམ་ཅན་མོན་བུ་པུ་ཏྲ་ཉིད་དགྱེས་པའི་རྣམ་འགྱུར་དུ་མ་མཛད་ཅིང་ཟངས་ཉིད་ལ་མངོན་སུམ་དུ་ཐིམ་པའི་གཟིགས་སྣང་ངོ་མཚར་ཅན་བྱུང་བ་ཡིན་ནོ་ཞེས་ཐོས་ལ། དུས་ཕྱིས་ཀྱང་གྲུབ་མཐའ་མི་གཅིག་པའི་སྐྱེ་བོ་སོགས་མགོན་ཁང་དེར་ལྷགས་པ་ན། ཟངས་ཆེན་འདི་ཉིད་ཀྱིས་རྩུབ་འགྱུར་སྣ་ཚོགས་བསྟན་པའི་ལོ་རྒྱུས་ཀྱང་ཡོད་མོད་ཀྱི། འདིར་མ་སྤྲོས་ལ། ཟངས་འདི་ལ་སྔ་མོ་ཞིག་སྔགས་འཆང་ཉིད་ཀྱིས་ཉམས་གསོ་མཛད་