R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༩ན
[A:༨༩ན]ཚང་རྙིང་པ་དང་སྙན་བརྒྱུད་སོགས་གང་ཡང་མེད་པ་སྔགས་འཆང་ཉིད་ཀྱིས་རང་ངོ་མཁྱེན་པའི་ཚུལ་གྱིས་ངོས་འཛིན་དང་ཞབས་ཏོག་མཛད་པ་འདི་ཉིད་ཀྱིས་ཤེས་སོ། །འོ་ན་སྔགས་འཆང་ཉིད་རྗེ་བཙུན་དང་། ས་པཎ་སོགས་ཀྱི་རྣམ་འཕྲུལ་ཡིན་པར་གྲགས་པ་དང་། འདིར་གནམ་ཁའུ་པའི་སྐུའི་སྐྱེ་བར་བཤད་པ་མི་འགལ་ལམ་སྙམ་ན། འགལ་བ་མེད་དེ། བླ་མ་དེ་གསུམ་ག་སྤྲུལ་གཞི་འཇམ་པའི་དབྱངས་ཉིད་ཡིན་པས་ཐུགས་གཅིག་གིས་བསྡུས་པ་ཡིན་པས་སོ། །ཡང་ནང་སོ་པུ་ཏྲ་ཁང་གི་ཞིག་གསོས་དང་། གསང་བའི་ལས་མཁན་ཆེན་པོའི་སྐུ་བརྙན་གསར་བཞེངས་མཛད་སྐབས། དེ་དུས་པུ་ཏྲ་ཆེན་པོ་དངོས་སུ་གནས་པའི་ཟངས་ཆེན་ཁྲག་མཚོ་མ་བཀྲ་ཤིས་འོད་འབར་དུ་གྲགས་པ་འདི་ཉིད་མགོན་ཁང་གི་ཤར་ནས་ནུབ་ཕྱོགས་སུ་སྤྱན་འདྲེན་མཛད་པའི་ཚེ། ཐོག་མར་ཟངས་ཀྱི་ཆུ་ཕལ་ཆེར་གཙང་ཆབ་ལ་སྤྱན་དྲངས་ནས། དེ་ནས་སྔགས་འཆང་ཉིད་ཀྱིས་སྐུ་འཁོར་བ་རྣམས་ལ་བྱིན་རླབས་རིལ་བུ་རེ་རེ་གནང་ནས། ད་