R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༨བ
[A:༨༨བ]ཀུན་གྱིས་གཟིགས་པའི་ཚེ། སྔགས་འཆང་ཉིད་ཀྱི་གསུང་ལས། འོ་རྟེན་རྡོ་ཁྱད་པར་ཅན་དེ་མ་གི་ཡིན་པས་ཡར་སྤྱན་དྲོངས་ལ་སྐུ་ཁྲུས་གྱིས་ཤིག་ཅེས་གསུངས་པ་བཞིན། དེ་ལྟར་བགྱིས་པ་ན་རྡོ་དེ་ཉིད་ཀྱི་ཚད་འབོ་ཟན་ལས་ཆེ་བ་ཙམ་པའི་ངོས་གཅིག་ལ་ཆོས་འབྱུང་གྲུ་གསུམ་དབུས་སུ་ཆེ་བ་གཅིག་དང་། ཕྱོགས་བཞིར་ཆུང་བ་རེ་རེ་སྟེ་ལྔ་ཚོམ་དུ་འདུག་པའི་དབུས་མའི་ནང་ན་བྲམ་ཟེའི་གཟུགས་ཅན་སྐུ་ཤིན་ཏུ་གསལ་བ་དང་། ཕྱོགས་བཞིའི་ཆོས་འབྱུང་གི་ནང་དུ་ཡི་གེ་བྷྱོཿཡིག་རེ་ཤིན་ཏུ་གསལ་བར་འདུག་པ་བདག་ཉིད་ཆེན་པོའི་དབུ་ཐོག་ཏུ་བཞེས་ཤིང་། འདི་ནི་བྲག་སྒོའི་རྟེན་རྡོ་དངོས་གཞིར་འདུག་གོ་ཞེས་གསུངས་ནས། སླར་ཡང་བྲག་སྒོའི་ནང་དུ་བཞུགས་སུ་གསོལ་བ་ཡིན་ནོ་ཞེས་ཐོས་ཤིང་། འདི་ཡང་བདག་ཉིད་ཆེན་པོ་ཉིད་གནམ་ཁའུ་པ་ཆེན་པོའི་སྐུའི་སྤྲུལ་པ་ཡིན་པར་དོན་གྱི་ཞལ་གྱིས་བཞེས་པའི་སྔོན་གྱི་སྐྱེ་བ་དྲན་པའི་རྣམ་པར་ཐར་པར་སྣང་སྟེ། བྲག་སྒོའི་རྡོ་ཁྱད་པར་ཅན་དེ་ཉིད་འདི་ལྟར་བཞུགས་སོ་ཞེས་པའི་ཡིག་