R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༨ན
[A:༨༨ན]གནང་བ་ཡིན་ནོ་ཞེས་ཀྱང་ཐོས་ལ། ཡང་ཁའུ་སྐྱེད་ལྷས་ཀྱི་མགོན་ཁང་ཞིག་གསོས་ཀྱི་སྐབས། བྲག་སྒོ་ཆེན་མོའི་བྲག་དང་རྩིག་པ་ཅུང་ཟད་ལུག་བྱུང་པ་ལ། སྔགས་འཆང་ཉིད་ཀྱི་གསུང་ལས། ས་རྡོ་འདི་རྣམས་ཕྱིར་གཅིག་ཀྱང་མ་གྱར་པར་གྱིས་ཤིག ཅེས་གསུངས་ནས་བླ་བྲང་དུ་ཕེབས་དགོས་ཤིག་བྱུང་སྟེ། ཡུག་གཅིག་བཞུགས་ནས་སླར་མགོན་ཁང་དུ་ཕེབས་འཕྲལ་རྡོ་རྣམས་ལ་གཟིགས་པའི་ཚེ། གསུང་ལས། རྡོ་འདི་དག་གི་ཁྲོད་ན་ངོ་མཚར་རྨད་དུ་བྱུང་བའི་རྟེན་རྡོ་ཞིག་ཡོང་རྒྱུ་ཡིན་པ་མི་འདུག་པས། ཁྱེད་ལས་མི་ཞིག་གིས་ཕྱིར་བསྐྱུར་བར་འདུག་གསུངས་ནས། མགོན་ཁང་དེ་ཉིད་ཀྱི་སྐར་ཁུང་ནས་གཟིགས་པ་ན། ཇི་ལྟར་བཀའ་སྩལ་པ་བཞིན། ལས་བྱེད་ཞིག་གིས་རྡོ་ཕལ་པ་ཞིག་དང་ནོར་ནས་ཕྱིར་ཆུ་རོང་རང་དུ་བསྐྱུར་བར་བརྟེན། རྟེན་རྡོ་དེ་ཉིད་ཟམ་པའི་འཁྲིས་ཀྱི་ཆུ་འགྲམ་ན་འོད་ཟེར་ཁྲོམ་མེ་འདུག་པ་དཔོན་སློབ་དེར་ཡོད་