R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༥བ
[A:༨༥བ]དེའི་མོད་ལ་ས་རྡོ་ཐམས་ཅད་བར་སྣང་ལ་འཐོར་ནས་འབུམ་ཐང་གི་ཤར་ནུབ་དང་ལྷོ་ཕྱོགས་ཀྱི་སྐོར་ལམ་སོགས་སུ་སླེབས་ཏེ། ལས་མི་ཐམས་ཅད་ཉེས་སྐྱོན་ལས་གྲོལ་བར་བརྟེན་ཀུན་ཀྱང་ཡ་མཚན་དུ་གྱུར་པའི་སྐབས། སྔགས་འཆང་བླ་མ་ཉིད་ཀྱིས་གཟིགས་རྟོག་ལ་ཕེབས་པ་ན། ས་རྡོ་རྣམས་ཀྱི་ཁྲོད་ནས་ཤིང་ལེབ་རིང་ཐུང་ཁྲུ་གང་ཙམ་ཞིག་གི་ངོས་ལ། ཤིང་བརྐོས་ལེགས་པོ་རང་མིན་པའི་ཡི་གེ་དབུ་ཆེན་ཕྲལ་ལེ་བ་གསལ་པོ་མིན་པ་ཞིག་འདུག་པ་ལ། སྔགས་འཆང་ཉིད་ཀྱིས་འདི་ལེགས་པར་ཁྲུས་ཤིག་གསུངས་པ་བཞིན། སྐུ་འཁོར་བ་རྣམས་ཀྱིས་ལེགས་པར་བཀྲུས་ནས་ཡི་གེ་དེ་ཉིད་བཀླགས་པས། ད་ལྟའི་ཟུག་རྒྱབ་པ་འདི་ནི་མཧཱ་ཀཱ་ལའོ། །ཟེར་བ་འདུག་པ་བདག་ཉིད་ཆེན་པོ་ལ་དེའི་ཚུལ་ཞུས་པས། ཧེ་ཧེ་དེ་ང་ལ་ཟེར་བ་ཡིན་པ་འདྲ་ཞེས་གསུངས་པ་དེ་དུས་ཀྱི་སྐྱེ་བོ་ཀུན་ལ་རླུང་ལྟར་གྲགས་པ་ཡིན་ལ། ཡང་སྒོ་རུམ་གཟིམ་སྤྱིལ་དཀར་པོའི་ཞིག་གསོས་