R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༥ན
[A:༨༥ན]གཏོགས། རླུང་པོ་འདི་ཙམ་བསྲུང་བའི་ནུས་པ་ཡང་མེད་པ་ཨེ་ཡིན་ཞེས་གསུང་ཤུགས་ཆེན་པོ་དང་བཅས་བཀའ་སྩལ་པ་ན། དེ་མ་ཐག་རླུང་དམར་ཐམས་ཅད་རང་ཞིར་གྱུར་ཅིང་། དུས་དེ་ནས་བཟུང་སྟེ་མགོན་ཁང་ནམ་གྲུབ་ཀྱི་བར་ལ་རྩུབ་འགྱུར་གྱི་རྣམ་པ་ཅུང་ཟད་ཙམ་ཡང་མ་བྱུང་བ་ཡིན་ནོ་ཞེས་ཐོས་ལ། ཡང་རྗེ་བཙུན་གོང་མའི་ཕྱི་རྟེན་འབུམ་སྟེང་ཆེན་མོའི་ཞིག་གསོས་གནང་དུས་སྔགས་འཆང་ཉིད་ཟུག་རྒྱབ་ཀྱི་ཚུལ་དུ་ཕེབས་པའི་སྐབས་ཉིན་གཅིག་གི་ཚེ་སྐྱེས་ཕོ་མོ་ལས་བྱེད་མི་བརྒྱ་ལྷག་ཙམ་ཚ་བཞེས་ལ་འབུམ་སྟེང་རང་གི་སྐོར་ལམ་བྱང་ངོས་ན་ཡོད་པའི་སྐབས། དེ་ཉིད་ཀྱི་བྱང་ཕྱོགས་ཀྱི་སྤྱི་ཁང་གི་འགྲམ་ཅག་ཆེན་མོ་ཞིག་ཡོད་པ་གློ་བུར་དུ་ཞིག་ནས། དེར་འཚོགས་ཀྱི་སྐྱེས་ཕོ་མོ་ཐམས་ཅད་ཅི་བྱ་གཏོལ་མེད་དུ་གྱུར་པའི་ཚེ། སྔགས་འཆང་ཉིད་ཀྱི་གསུང་ཆེན་པོས། བླ་མ་ལ་གསོལ་བ་ཐོབ་ཅེས་གསུངས་བྱུང་པས་