R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༤ན
[A:༨༤ན]ལྡེར་སྐུ་བཞེངས་ཚུལ་གྱི་ཡིག་ཆ་ཁྱད་པར་ཅན་འདི་ཡང་མཛད་པ་ཡིན་ཏེ། དེ་ཉིད་ཀྱི་མཇུག་ཏུ། བླ་མ་དམ་པ་རྣམས་ཀྱི་ཞབས་རྡུལ་སྤྱི་བོས་གུས་པས་ལེན་པ་ས་སྐྱ་པ་ངག་གི་དབང་པོ་ཀུན་དགའ་རིན་ཆེན་གྱིས། རྗེ་བཙུན་གོང་མ་རྣམས་ཀྱི་བྱིན་གྱིས་བརླབས་པའི་གནས་དབེན་པའི་རི་ཁྲོད་བྱས་འགྱུར་རྡོ་རྗེའི་བྲག་རྫོང་དུ་རྡོ་རྗེ་ནག་པོ་ཆེན་པོའི་སྐུ་བཞེངས་པའི་དུས་ཡིད་ཆེས་པའི་རྟེན་འབྲེལ་དུ་མ་བྱུང་བ་དང་། ཕྱག་ལེན་གྱི་བསྒྲིགས་ཆགས་འདི་རྣམས་ཀྱང་གསལ་བར་བློ་ལ་ཤར་ནས་སུག་བྲིས་བགྱིས་པ་འདི་ལ་ཉེས་པའི་ཚོགས་མཆིས་ན་བླ་མ་དང་མཁའ་འགྲོས་བཟོད་པར་མཛོད་ལས། འདི་ལ་བརྟེན་ནས་བསྟན་པའི་དགྲ་བོ་ཐམས་ཅད་ཚར་བཅད་ནས་ས་སྐྱ་པའི་བསྟན་པ་རྣལ་མ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བའི་རྒྱུར་གྱུར་ཅིག ཅེས་འབྱུང་བས་སོ། །ཡང་སྔ་མོའི་དུས་སྤྲུལ་པའི་ལྷ་ཁང་ཆེན་མོའི་སྟེང་གི་མགོན་ཁང་ཁྱད་པར་ཅན་འདི་གསར་བཞེངས་སུ་མཛད་པའི་ཚེ། གོང་དཀར་བ་སྤྲུལ་