R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༣བ
[A:༨༣བ]དང་བཅས། རྗེ་ཉིད་ཀྱི་དབུ་ཞྭས་བསེ་མགོན་ཆེན་པོའི་ཞལ་གདོང་གི་རྡུལ་རྣམས་ཕྱི་བར་མཛད་པ་ཡིན་ཞེས་སྔགས་འཆང་གྲགས་པའི་མཚན་ཅན་གྱི་གསུང་ལས་ཡང་ཡང་དུ་ཐོས་ཤིང་། ཡང་སྔགས་འཆང་བླ་མ་ཉིད་སྐུ་འཁོར་ཉུང་ཤས་དང་བཅས་བྱས་འགྱུར་རྡོ་རྗེ་བྲག་རྫོང་དུ་ཕེབས་ནས། བདག་ཆེན་བློ་གྲོས་རྒྱལ་མཚན་གྱི་ཐུགས་དམ་ཕྱག་བྲིས་མའི་མགོན་པོ་བཞུགས་པའི་བླ་བྲང་ནུབ་ཀྱི་གཟིམ་ཆུང་དུ་སྐུ་མཚམས་ཡུན་རིང་མཛད་ནས། དམ་ཉམས་ལྷ་ས་རྫོང་པ་ལ་དམིགས་པའི་ལས་སྦྱོར་མཐར་ཕྱིན་པར་མཛད་ཅིང་། དེ་སྐབས་རྫས་གསང་བ་མལ་འོག་གི་གནད་ཀྱི་མན་ངག་ཟབ་མོ་ཕྱག་བཞེས་མཛད་པ་ཡང་། ད་ལྟ་མིག་ཡོད་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་དེ་ཡིན་ལ། དེ་དག་དང་དུས་མཚུངས་པར་བྱས་འགྱུར་གྱི་བླ་བྲང་ཤར་གྱི་མགོན་ཁང་གི་གུར་གྱི་མགོན་པོའི་སྐུ་ངོ་མཚར་ཅན་འདི་ཡང་ལྷ་ས་རྫོང་པ་ལ་དམིགས་ནས་གཟུངས་གཞུག་འཕྲིན་བཅོལ་སོགས་ཟབ་རྒྱས་དང་བཅས་གསར་བཞེངས་སུ་མཛད་ཅིང་། དེའི་སྐབས་སུ་མགོན་པོའི་