R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༩བ
[A:༧༩བ] ་འཛིན་ཐམས་ཅད་ཀྱིས་སྐྱེས་ཆེན་འདིའི་ངོ་མཚར་བའི་རྣམ་ཐར་རྣམས་ཀུན་ལ་ངོམ་པའི་ཚུལ་གྱིས་སྒྲོགས་པ་ཞིག་བྱུང་བར་སྣང་ལ། ས་སྐྱ་པའི་བཀའ་སྲུང་རྣམས་ཀྱིས་དངོས་སུ་ཞལ་བསྟན་ཚུལ་ནི། བྱས་འགྱུར་རྡོ་རྗེའི་བྲག་རྫོང་དུ་སྦས་པའི་རྣལ་འབྱོར་ཆེན་པོ་འཕགས་ཆེན་ཉིད་ལས། གུར་གྱི་མགོན་པོའི་ནང་ཁྲིད་ཟབ་མོ་གསན་པར་མཛད་དེ་ཐུན་བཞིར་བཅད་དེ་ཐུགས་དམ་ལ་རྩེ་གཅིག་ཏུ་མཛད་པ་ན། གུར་གྱི་མགོན་པོ་ལྷ་བརྒྱད། སེར་ནག་ཟངས་གྲི་ཅན། རུ་འདྲེན་སྡེ་བཞི་དྲེགས་པའི་འཁོར་དང་བཅས་པ་རྣམ་འགྱུར་སྣ་ཚོགས་པ་དང་བཅས་པའི་སྒོ་ནས་ཡང་ནས་ཡང་དུ་གསལ་བར་གཟིགས་ཤིང་། འཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་ཞལ་གྱིས་བཞེས་པ་ཡིན་ནོ། །ཞེས་ཀྱང་ཐོས་ལ། དོན་གྱི་དབང་དེ་དག་ལ་དགོངས་ནས་སྔགས་འཆང་ཉིད་ཀྱིས་མཛད་པའི་གུར་གྱི་མགོན་པོའི་ཁྲིད་ཡིག་ཆེན་མོ་གཞན་ཕན་རྒྱས་བྱེད་ཀྱི་སྦྱར་བྱང་ལས།