R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༠ན
[A:༨༠ན] མཁས་གྲུབ་དཔལ་ལྡན་བཀྲ་ཤིས་ཀྱིས་སྤྱན་ཚབ་པའི་དྲུང་དུ་གསན་པ་བཞིན་ཤིན་ཏུ་རྒྱས་ཤིང་ཞིབ་སེད་དང་བཅས་ཐུགས་དགྱེས་བཞིན་དུ་གནང་ནས་ཟླ་བ་གཉིས་ཀྱི་བར་ལ་བསྒྲུབ་པ་གང་སྨིན་བྱས་པས་ཡིད་ཆེས་དང་ལྡན་པ་བྱུང་བ་གཞན་གྱི་གསུང་རྒྱུན་ཅུང་ཟད་ཟིན་པས་ཀྱང་བརྒྱན་ཏེ་བྲིས་པ་ལགས། གཞན་རྣམས་ཀྱིས་ཀྱང་སྙིང་ནང་གི་ཁྲག་ལྟ་བུའི་གདམས་པ་ཁྱད་པར་ཅན་རྣམས་ཅུང་ཉམས་ལེན་དཀའ་ཙམ་འདུག་ནའང་སྙིང་རུས་བསྐྱེད་ནས་དམིགས་ཐུན་རེ་ལ་ཞག་བརྒྱད་ཙམ་ནན་ཏན་བྱས་བསྒོམས་ན་བྱིན་རླབས་ཀྱི་རྟགས་མཚན་གཞན་ལས་ཆེ་བས་ཡིད་ཆེས་འཕྲལ་དུ་འབྱུང་བ་མྱོང་བས་གྲུབ་པ་ལགས། ཞེས་གསུངས་པ་ཡིན་ནོ། །ཡང་བྱས་འགྱུར་དུ་སྐུ་མཚམས་ལ་བཞུགས་པའི་སྐབས་ཤིག ཉིན་རེ་བཞིན་གཟིགས་སྣང་ལ་བྱས་འགྱུར་གྱི་གཞི་བདག་ཀླུ་མོ་དཀར་མོ་དང་། བདུད་ཀྱི་རྟ་པ་བཅོ་བརྒྱད་འཁོར་ཤིན་ཏུ་མང་བ་དང་བཅས་པ་སྔ་དྲོ་ལུང་པའི་མདོ་ལ་