R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༧ན
[A:༧༧ན] བོ་སེམས་སོ། །ཡང་ས་ལོ་འཇམ་པའི་རྡོ་རྗེའི་ཐུགས་སྲས་སྙིགས་མའི་དུས་ཀྱི་ས་སྐྱ་པའི་བསྟན་པའི་གསལ་བྱེད་དམ་པ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔའ་བཟང་པོ་དེ་ཉིད་ནི། ངེས་པ་ཁོ་ནར་སྟོན་པ་ཐམས་ཅད་མཁྱེན་པའམ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་ཐུགས་རྒྱུད་གཅིག་གིས་བསྡུས་པ་ཡིན་མོད་ཀྱང་། གདུལ་བྱའི་སྣང་ངོར་ཕྱག་ན་རྡོ་རྗེ་དང་། ཀུན་ཏུ་བཟང་པོ་དང་། ཉན་ཐོས་ཆེན་པོ་ཀུན་དགའ་བོ་དང་། ལོ་ཙཱ་བ་བཻ་རོ་ཙ་ན་དང་། ཆོས་རྗེ་ས་སྐྱ་པཎྜི་ཏ་རྣམས་སུ་སྤྲུལ་པའི་སྐུ་རིམ་པར་བསྟན་ནས་བསྟན་པ་དང་སེམས་ཅན་གྱི་དོན་མཐའ་ཡས་པ་ཞིག་མཛད་དེ། མཐར་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་དེ་བཞིན་གཤེགས་པ་དྲི་མ་མེད་པའི་དཔལ་ཞེས་བྱ་བར་སངས་རྒྱས་པའི་ཚུལ་བསྟན་པ་དེ་ཉིད། སླར་ཡང་སྙིགས་མའི་དུས་