R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༧བ
[A:༧༧བ] ཀྱི་བསྟན་པ་ཉམས་ཆེས་པའི་སྐབས་འདིར་གོས་དཀར་ལྕང་ལོས་མཛེས་པའི་སྔགས་འཆང་རྡོ་རྗེ་འཛིན་པའི་སྐུར་བསྟན་ནས། དཔལ་ས་སྐྱའི་སྡེ་བསྟན་པ་གདུང་རྒྱུད་དང་བཅས་པའི་ཐོག་དྲངས། སྤྱི་བྱེ་བྲག་གི་བསྟན་པ་ཡར་ངོའི་ཟླ་བ་ལྟར་འཕེལ་རྒྱས་སུ་མཛད་པ་ཡིན་པས། དམ་པ་འདི་སྤྲུལ་པའི་སྐུ་ཡིན་པའི་གཏན་ཚིགས་ནི། རྗེ་འདིས་བླ་མ་རྣམས་ལ་ཆོས་གསན་ཚུལ། དབེན་པར་སྒོམ་སྒྲུབ་དང་གསུང་བཟླས་བྱེ་བསྙེན་མང་པོ་མཛད་ཚུལ། སྣོད་ལྡན་ལ་ཆོས་གསུངས་ཚུལ། གཙུག་ལག་ཁང་མང་པོའི་ཉམས་གསོ་དང་གསར་བཞེངས་མཛད་ཚུལ། གསུང་རབ་གླེགས་བམ་དུ་མ་བརྩམས་ཚུལ། བསྒོམ་གྲྭ། སྔགས་གྲྭ། བཤད་གྲྭ་སོགས་བཏབ་ཚུལ། མངོན་སྤྱོད་ཀྱི་ལས་ཀྱིས་བསྟན་དགྲ་བཏུལ་ཚུལ། འཇིག་རྟེན་གྱི་ལུང་ཁྲིམས་བཟང་པོའི་རྒྱུན་འཆའ་བ་མཛད་ཚུལ་སོགས་བསྟན་འགྲོའི་དོན་དུ་འགྱུར་ངེས་པའི་