R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༥བ
[A:༦༥བ] འཁྲིགས་པའི་ཁྲོད་ན། མགོན་པོའི་སྐུ་ཐོག་སོ་གང་ཙམ་གཟི་བརྗིད་དང་ལྡན་པ་ཞིག་ཞལ་མངོན་སུམ་དུ་གཟིགས་ཏེ། མགོན་པོའི་ཞལ་ནས་ཧ་ཧ་དང་ཧཱུྃ་ཧཱུྃ་གི་སྒྲ་དབྱངས་དང་བཅས་པའི་བྲག་ཆ་རྒྱབ་ཏུ་འཕོས་པ་འདྲ་བའི་སྐད་ཚེར་ཚེར་བ་གཅིག་གི་ངང་ནས་ཆོས་འདིའི་བདག་པོ་སྔར་ཡང་ངེད་རང་གིས་བྱས། ད་རུང་ང་རང་གིས་བྱེད་ཟེར་བའི་སྒྲ་ལྷང་ལྷང་པ་གསན་པ་བྱུང་པ་དང་། ཡང་སྔ་མོའི་དུས་སྐྱེད་ལྷས་སུ་རྡོ་རིང་པའི་དྲུང་དུ་དཔལ་མགོན་ཞལ་བཞི་བའི་རྗེས་གནང་ཞུས་པའི་ཚེ། རྗེ་ཉིད་ཀྱི་སྐུའི་མདངས་ན་བཟའི་ཁ་དོག་སོགས་མཐིང་གར་གཟིགས་ཤིང་། ཁྱད་པར་ཡེ་ཤེས་དབབ་པའི་བར་ལ་བར་སྣང་ནས་མི་རྐང་གི་སྒྲ་ཤིན་ཏུ་གསལ་བ་དང་། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །་་ཀྱི་བཀྲ་ཤིས་ཀྱི་ཚིགས་བཅད་དབྱངས་དང་བཅས་ནས་སྒྲོག་པ་གསལ་བར་གསན་འདུག ཡང་ལན་ཅིག་དཔལ་མགོན་གྱི་གསུང་བསྙེན་མཛད་པས། ཐོག་མར་ཅུང་ཟད་འཚུབ་པའི་རྣམ་པ་