R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༥ན
[A:༦༥ན] གྱུར་འདུག་པ་དང་། ཆོས་སྐྱོང་གིས་ལས་མཛད་པའི་རྟགས་སུ་སྣང་ཞིང་། ཡང་མདར་གྱི་དགོན་པར་ཐུག་ཆེན་འགའ་ལ་རབ་གནས་མཛད་པའི་ཚེ། གུར་གྱི་མགོན་པོའི་སྐུ་ནམ་མཁའི་ཁྱོན་གང་བ། ཕྱག་ན་གྲི་གུག་སྒོ་ཆེ་བའི་ཚད་ཙམ་ཞིག་མངོན་སུམ་དུ་གཟིགས་པ་དང་། ཡང་རྗེ་མཁྱེན་བརྩེ་བས་མྱུག་གི་དབེན་དགོན་དཔལ་སྦུག་རྣམ་པར་གྲོལ་བའི་རི་ཁྲོད་དུ་གདན་དྲངས། རྗེ་ཉིད་དང་རྡོ་རྗེ་འཛིན་པ་ཆེན་པོ་བསོད་ནམས་ཆོས་འཕེལ་སོགས་སྐལ་ལྡན་གྱི་སློབ་མ་བཅོ་བརྒྱད་ཙམ་ལ་ཟླ་བ་བདུན་གྱི་བར་དུ་གསུང་ངག་རིན་པོ་ཆེ་སློབ་བཤད་ཡོངས་སུ་རྫོགས་པ། མགོན་པོ་ཆེ་ཆུང་གཉིས། དམར་པོ་སྐོར་གསུམ། དམར་ཆུང་མ་སྐོར་གསུམ་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། གསུང་ངག་རིན་པོ་ཆེ་གྲོལ་ནས་གཏང་རག་གི་གཏོར་འབུལ་ལ་གཟིམ་ཁང་གི་སྟེང་དུ་རྗེ་རང་ཉིད་ཕེབས་པའི་ཚེ། མདུན་གྱི་ནམ་མཁར་སྤྲིན་ཆོལ་ལེ་བ་