R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༤བ
[A:༦༤བ] སྣང་སྟེ། དེ་ཉིད་ཀྱི་གསུང་ལས། ངས་གསང་སྔགས་གསར་རྙིང་གི་སྔགས་ཕལ་ཆེར་བསྙེན་ཚད་བཞིན་མ་བཟླས་པ་ཡེ་མེད། དེ་རྣམས་ཀྱི་ནང་ནས་ཀྱང་ཤ་ས་ན་འདི་ནུས་པ་ཆེ་ཤོས་ལ་འདུག་སྟེ། འདི་བགྲང་པའི་འཕྲེང་བ་ལ་དངོས་སུ་མེ་འབར་བ་ཡོང་གིན་འདུག་ཅེས་གསུངས་པས་རྟོགས་ནུས་པ་ཡིན་ལ། ཡང་སྔ་མོའི་དུས་ཤིག་ཞབས་ཅུང་ཟད་བསྙེལ་བའི་ཚེ། མནལ་ལམ་དུ་གཡག་ཁྱུ་ཆེན་པོ་ཞིག་བྱུང་བས། ཐུགས་ཅུང་ཟད་ཡ་ང་བ་ན། གཡག་ཆེན་པོ་ཞིག་གིས་མིའི་སྐད་དུ། ངེད་རྣམས་ཆོས་རྗེ་ལ་གནོད་སྐྱེལ་བ་མིན་ཟེར་ནས། རྗེ་ཉིད་ཀྱི་སྐུ་སྨད་ལ་རེ་བ་ནག་པོ་འདྲ་བ་ཞིག་བཀབ་འདུག་པ་རྭ་རྩེས་བླངས་ནས་རྒྱང་རིང་དུ་འཕངས་སོང་བས། དེ་མ་ཐག་སྙུང་གཞི་ལས་གྲོལ་ཅིང་། ཡང་བུད་མེད་གཅིག་གིས་ས་ལ་རི་མོ་འགའ་ཞིག་བྲིས་ནས། ལོ་འདིའི་བར་ལ་ཞབས་ཀྱི་བསྙེལ་རོ་ཅུང་ཟད་ལྡང་། དེ་ནས་སྐུ་ཁམས་ཤིན་ཏུ་བཟང་བ་ཡོང་ཟེར་བྱུང་བས། དེ་ཁོ་ན་བཞིན་མངོན་དུ་