R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༢བ
[A:༥༢བ] བརྡ་ཡིག་བཞི་ཡིས་སྤྲས། །དེ་ལྟར་ཤེས་པས་ལུང་རྒྱུན་ངེས་པར་འགྱུར། །དེ་དག་རང་རང་སྐལ་བ་ཇི་བཞིན་བཤད། །འོན་ཀྱང་མཚམས་དང་འགྲོས་ཀྱི་སྤྲོས་པ་ནི། །འདོད་ན་རྡོ་རྗེ་གདན་པ་ལས་གཞན་པའི། །ཚད་ལྡན་མེད་ཕྱིར་དེ་ཡི་ལུགས་བཞིན་སྟོན། །ཕྱི་ནང་གསང་བའི་མན་ངག་སྙན་བརྒྱུད་ཀུན། །ལག་ཏུ་བླངས་ནས་ངེས་པར་བསྒྲུབ་འདོད་ན། །བདག་ཆེན་རྡོ་རྗེ་འཆང་དབང་ལས་བརྒྱུད་པ། །འདི་ལས་གཞན་ན་མེད་པས་སྙིང་ལ་ཆོངས། །ཞེས་རང་ཉིད་ཀྱིས་ནག་པོ་ཆེན་པོའི་ཆོས་སྐོར་རྣམས་བླ་མ་རྣམས་ལས་གསན་ཚུལ་དང་། ཁ་སྐོང་གླེགས་བམ་དེ་ཉིད་ཀྱི་ཡིག་སྣ་སོ་སོ་བརྒྱུད་པ་གང་ལས་བརྒྱུད་ཤེས་པའི་ཕྱིར། ཨེ་ཡིག་དང་། རྡོ་རྗེ་དང་། མཆོད་རྟེན་དང་། མུ་ཡིག་དང་། མཆན་བུ་བཏབ་པ་སོགས་ཀྱི་རྟགས་ཀྱི་ངེས་པ་རྣམས་སོ་སོར་ཤེས་པར་བྱས་ནས་རང་གཞན་གྱི་དོན་སྒྲུབ་ཚུལ་གྱི་ཞལ་གདམས་དང་བཅས་གསུངས་ཤིང་། ཡང་དམ་པ་དེ་ཉིད་ཀྱིས་