R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༣ན
[A:༦༣ན] གཉན་མགོན་ཆེན་པོའི་མན་ངག་རྣམས་གསན་ཚུལ་ཡང་། རྗེ་རང་ཉིད་ཀྱིས་མཛད་པའི་དཔལ་མགོན་གདོང་བཞི་པའི་ཆོས་སྐོར་གྱི་དཀར་ཆག་ཟབ་དོན་ནོར་བུའི་དོ་ཤལ་ལས། རྡོ་རྗེ་འཆང་དང་ཀླུ་སྒྲུབ་མགོན། །བ་ལིང་ཏ་པ་ཡེ་ཤེས་ཞབས། །མར་མེ་མཛད་དང་དཔལ་དེ་བ། །སྦས་པའི་ཞབས་དང་རིན་ཆེན་གཉིས། །རྣལ་འབྱོར་དབང་མོ་ལོ་ཆེན་གཉན། །ཁའུ་པ་དང་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་པཎྜི་ཏ། །བློ་གྲོས་རྒྱལ་མཚན་དཀོན་མཆོག་དཔལ། །བྲག་ཕུག་པ་དང་བླ་མ་རྗེ། །བླ་ཆེན་འཇམ་དབྱངས་ནམ་མཁའི་མཚན། །བདག་ཆེན་རྡོ་རྗེ་འཆང་དབང་ཞབས། །མཐུ་སྟོབས་དབང་ཕྱུག་ཀུན་སྤངས་རྗེ། །གང་དེས་བཀའ་འབངས་བདག་ལའོ། །ཕྱི་ཡི་མན་ངག་ཕལ་ཆེར་ནི། །བླ་མ་དམ་པ་ཡར་ལུང་པ། །བསོད་ནམས་རྒྱལ་མཆོག་འཇམ་དབྱངས་ཆེ། །དེ་ནས་གོང་བཞིན་བརྒྱུད་ཀྱང་ཆོག །ཕྱི་ཡི་སྒྲུབ་སྐོར་འགའ་