R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༩བ
[A:༥༩བ] ཤིང་། མེ་འབར་མ་དེར་མ་འདུས་པའི་ཆོས་སྐྱོང་གི་ཡིག་སྣའི་སྐོར་རྣམས་རྗེ་ཉིད་ཀྱིས་སྒྲིག་པར་མཛད་པའི་ཁ་སྐོང་གླེགས་བམ་དུ་གྲགས་པའི་དཀར་ཆག་གསལ་བའི་སྒྲོན་མེ། ཡང་ཤིན་ཏུ་ཟབ་པའི་མན་ངག་རྣམས་རྗེ་ཉིད་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྙན་བརྒྱུད་གླེགས་ལམ་གྱི་དཀར་ཆག་གསང་ཆེན་གནད་ཀྱི་ཟ་མ་ཏོག ཉིད་ཀྱིས་བསྒྲིགས་པའི་གྱི་ལྗང་ལུགས་ཀྱི་མགོན་པོའི་ཆོས་སྐོར་གྱི་དཀར་ཆག་དང་། ཁོག་ཕུབ་ཀྱི་ཡི་གེ་ཟབ་དོན་གནད་ཀྱི་ལྡེ་མིག དཔལ་མགོན་གདོང་བཞི་པའི་ཆོས་སྐོར་རྣམས་རྗེ་ཉིད་ཀྱིས་སྒྲིག་པར་མཛད་པའི་དཀར་ཆག་ཟབ་དོན་ནོར་བུའི་དོ་ཤལ། རང་ཉིད་ཀྱིས་བསྒྲིགས་པའི་འདོད་ཁམས་དབང་ཕྱུག་དུད་སོལ་ལྷ་མོའི་ཆོས་སྐོར་གྱི་དཀར་ཆག་གསལ་བའི་མེ་ལོང་རྣམས་མཛད་དེ། དེ་ལྟ་བུའི་ཆོས་སྐྱོང་སོ་སོའི་ཆོས་སྐོར་རྣམས་གླེགས་བམ་དུ་བསྒྲིགས་ཤིང་། དཀར་ཆག་གི་ཐེམ་ཡིག་གིས་སྤྲས་པ་འདི་ནི་བཀའ་སྲུང་དབང་པོ་རྣམས་ཀྱི་བསྟན་པའི་རྒྱུན་སྲིད་མཐའི་བར་དུ་མི་