R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༨བ
[A:༥༨བ] བྱོའི་ཚུལ་དུ་གསན། ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབ་སྟེ། འདི་སྐོར་ལ་རང་ཉིད་ལས་མཁས་པ་མེད་སྙམ་པའི་ཐུགས་ཀྱི་སྤོབས་པ་ཁྱད་པར་ཅན་བརྙེས་ཏེ། ཆོས་རྒྱུན་རྣམས་མི་ཉམས་པའི་ཕྱིར་བསྟན་པའི་ཁུར་ཆེན་པོ་བཞེས་ནས། དེ་དག་གི་ཆོས་སྐོར་མན་ངག་མཐའ་དག་རྣམས་ཀྱི་བཀའ་བསྡུ་བ་པོ་ལྟ་བུ་མཛད་དེ། བདག་ཆེན་རྡོ་རྗེ་འཆང་གིས་སྒྲིག་པར་མཛད་པའི་མགོན་པོད་མེ་འབར་མའི་དཀར་ཆག་ཏུ་ཆོས་སྣའི་རྐང་གྲངས་དངོས་སུ་ཐེབས་པ་རྣམས་དང་། དངོས་སུ་མ་ཐེབས་ཀྱང་དོན་ཐོབ་ལ་གླེགས་བམ་དེར་བཞུགས་དགོས་རྒྱུའི་ནང་སྒྲུབ་དང་། གསང་སྒྲུབ་ཀྱི་སྐོར་གྱི་དཔེ་སྣ་འགའ་དང་། བདག་ཆེན་ཉིད་ཀྱི་དཀར་ཆག་དང་བཅས་པའི་ཡོངས་བསྡོམས་ཡིག་སྣ་བརྒྱ་དང་ལྔ་བཅུ་པོ་མཐའ་དག་མ་ཚང་བ་དང་འཐོར་བའི་སྐྱོན་སྤང་བའི་ཕྱིར། ཚིགས་བཅད་དུ་བསྡེབས་པ་སྙིང་པོ་གནད་ཀྱི་སྒྲོན་མེ་ཞེས་བྱ་བ་མཛད་ནས་དེའི་མཇུག་ཏུ། དེ་ལྟའི་མན་ངག་གླེགས་བམ་འདི། །མིང་ཙམ་ཡོངས་སུ་གྲགས་པའི་ཕྱིར། །ཡོད་ཅེས་