R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༨ན
[A:༥༨ན] སྐྱ་པའི་སྙན་བརྒྱུད་ཀྱི་བདུད་རྩི་སྤེལ་བ་ལ་འགྲན་ཟླ་དང་བྲལ་བའི་མཁས་པའི་དབང་པོ་ཚར་པ་ཆོས་རྗེ་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་བསྟན་སྲུང་དབང་པོ་རྣམས་ཀྱི་ཆོས་སྐོར་གྱི་རྒྱུན་ལ་བཀའ་དྲིན་ཆེ་བའི་ཚུལ་སོགས་ཅུང་ཟད་བརྗོད་ན། དེ་ཡང་རྗེ་དེ་ཉིད་ཀྱིས་རྡོ་རིང་ཀུན་སྤངས་པ་ཆེན་པོ་གཙོ་བོར་གྱུར་པའི་མཁས་གྲུབ་ཀྱི་ཡོངས་འཛིན་མང་དུ་བསྟེན་ནས། ས་སྐྱ་པའི་ཡབ་ཆོས་གསུང་ངག་ལམ་འབྲས། ཆོས་སྐྱོང་ཆེ་ཆུང་། དམར་པོ་སྐོར་གསུམ་སོགས་ཀྱི་མན་ངག་གཙོ་བོར་གྱུར་པའི་ཟབ་རྒྱས་ཆོས་ཀྱི་བདུད་རྩི་མཐའ་ཡས་པ་ཞིག་གསོལ་བས། དུས་ཕྱིས་བྱོན་པའི་བསྟན་འཛིན་ཞིག་ལ་གསན་རྒྱ་ཆེ་བའི་ཚད་དུ་གྱུར་ཅིང་། ལྷག་པར་ས་སྐྱ་པའི་བསྟན་སྲུང་གུར་གྱི་མགོན་པོ་དང་ཞལ་བཞི་པའི་ཆོས་སྐོར་རྣམས་བརྒྱུད་ལྡན་གྱི་བླ་མ་དུ་མ་ཞིག་ལ་གཏུགས་ཏེ། ལྷག་མ་མ་ལུས་པ་བུམ་པ་གང་