R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༦ན
[A:༢༦ན]པར་དབང་བསྐུར་ཅིང་བྱིན་གྱིས་བརླབས་ཏེ་བཀའ་བསྒོས་པ། ཁྱོད་ནི་གསང་བ་གསུམ་གྱི་བདག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བསྟན་པ་སྲུང་བར་བྱིན་གྱིས་བརླབས། ཁྱོད་ནི་དཔལ་ལྡན་ནག་པོ་ཆེ། །བསྟན་པ་བསྲུང་བར་ཁས་བླངས་པ། །ཤཱཀྱ་སེང་གེའི་བསྟན་པ་ལ། །དམ་ཚིག་ཆེན་པོས་གནས་པར་གྱིས། །ཞེས་བཀའ་བསྒོས་ཤིང་། བསྟན་པ་གཉེར་དུ་གཏད་པས། བཅོམ་ལྡན་འདས་ཀྱི་བཀའ་ལས་མི་འདའ་ཞིང་། མཐུ་སྟོབས་རྫུ་འཕྲུལ་གྱི་ནུས་པ་ཐམས་ཅད་མཐར་སོན་ཏེ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་པའི་མགོན་པོ་རིགས་ལྔ། གཞན་ཡང་ལས་ཀྱི་མགོན་པོ་དུ་མ་དང་བཅས་པས་རང་རང་གི་འཁོར་དུ་གཏོགས་པའི་དྲེགས་པ་ཅན་བསམ་གྱིས་མི་ཁྱབ་པ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་རང་རང་གི་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ནས་སྤྱིར་སངས་རྒྱས་