R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༦བ
[A:༢༦བ]སྟོང་རྩ་གཉིས་ཀྱི་བསྟན་པ་བསྲུང་བ་དང་། ཁྱད་པར་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་དང་། བསྟན་པ་ལ་ཞུགས་པ་རྣམས་དང་། བྱེ་བྲག་ཏུ་གསང་སྔགས་ཀྱི་སྒོར་ཞུགས་པའི་སྒྲུབ་པ་པོ་རྣམས་ཀྱི་སྲུང་མ་བྱེད་པར་ཁས་བླངས་དམ་བཅས་པ་ཡིན་ནོ། །དེ་ལ་སྐུའི་ལྷ་ཚོགས་ཀྱི་བསྟན་པ་བསྲུང་བའི་སྐུའི་མགོན་པོའི་གཉའ་གནོན་དུ་རྣམ་པར་སྣང་མཛད་དང་འཇམ་དཔལ། གསུང་གི་ལྷ་ཚོགས་ཀྱི་བསྟན་པ་བསྲུང་བའི་གསུང་གི་མགོན་པོའི་གཉའ་གནོན་དུ་པདྨ་དབང་ཆེན། ཐུགས་ཀྱི་ལྷ་ཚོགས་ཀྱི་བསྟན་པ་བསྲུང་བའི་ཐུགས་ཀྱི་མགོན་པོའི་གཉའ་གནོན་དུ་ཕྱག་ན་རྡོ་རྗེ། ཡོན་ཏན་གྱི་ལྷ་ཚོགས་ཀྱི་བསྟན་པ་བསྲུང་བའི་ཡོན་ཏན་གྱི་མགོན་པོའི་གཉའ་གནོན་དུ་གོང་གི་ལྷ་དེ་རྣམས་གང་རུང་རེ་འབྱུང་བར་སེམས་ལ། བླ་མ་འགའ་ཞིག་གི་གསུང་ལས་ཡོན་ཏན་ནི་སྐུ་གསུང་ཐུགས་འཕྲིན་ལས་བཞི་ཆར་ཐུན་མོང་བ་ཡིན་པས་ལོགས་སུ་མི་འབྱུང་བ་ཡང་བཞེད་ཅིང་། འཕྲིན་ལས་ཀྱི་