R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༨ན
[A:༢༨ན] བདག་མཛད་པའི་དབུས་གཙང་གི་དགོན་པ་ཕལ་ཆེར་གྱི་འཛིན་སྐྱོང་ཡང་མཛད་ཅིང་། ལྷག་པར་དཔལ་ས་སྐྱར་བདག་གི་བླ་མ་འཇམ་པའི་དབྱངས་དབང་པོའི་མཚན་ཅན་སྐུ་མཆེད་ལ་གསུང་ངག་རིན་པོ་ཆེ་ཆ་ལག་དང་བཅས་པ་སྩལ་ནས། སྒོ་རུམ་ཡེ་ཤེས་མགོན་པོ་མཇལ་བ་ལ་ཕེབས་པ་ན། བསེ་མགོན་ཆེན་པོའི་སྤྱན་དབུས་མ་དེ་ཤིན་ཏུ་གསལ་བར་གཟིགས་བྱུང་པས། དེ་གོང་རྗེ་ཉིད་ཀྱི་སྤྱན་གཉིས་ཀ་གྲིབ་ཀྱི་རྣམ་པས་དངོས་པོ་ཕྲ་རགས་གང་ཡང་གསལ་པོ་མི་གཟིགས་ཤིང་། ལྗགས་ལུང་མཛད་དུས་ཀྱང་འཕར་ལུང་ཁོ་ན་གནང་དགོས་པ་ལ། དེ་ཕྱིན་ཆད་སྤྱན་གཉིས་ཀ་རང་བྱེ་ལ་སོང་སྟེ། ལྗགས་ལུང་སོགས་ལ་ཐོགས་མེད་གནང་ཆོག་པ་བྱུང་པས། དེའི་ཚུལ་སྔགས་འཆང་ཆེན་པོ་ལ་ཞུ་བར་མཛད་པ་ན། སྔགས་འཆང་ཉིད་ཀྱི་གསུང་ལས། སྤྱན་དབུས་མ་དེ་ལྟར་གཟིགས་པ་དེ། ཡེ་ཤེས་ཀྱི་སྤྱན་གཟིགས་པར་གདོན་མི་ཟ་བ་འདུག་ཅེས་བསྔགས་བརྗོད་ཅི་ཡང་ཞིག་