R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༧བ
[A:༢༧བ] སློང་ཞིག་གིས་གོས་བེམ་སེར་པོ་ཞིག་བཀབ་ནས་ཁྲི་ཐོག་ཏུ་ཕྱིན་པ་རྨིས་གསུངས། འཕྲིན་ལས་གང་བཅོལ་ཐོགས་མེད་དུ་འགྲུབ་པ་དང་། གཞན་གྱིས་བྱད་ཀ་རྦོད་གཏོང་ཡང་རང་ཞིར་འགྱུར་བ་ཞིག་སྟེ། རྗེ་བཙུན་སངས་རྒྱས་རིན་ཆེན་མནལ་ལམ་དུ་བྱོན་ནས། ཕྱག་བཞི་པ་འདི་ལ་ཡིག་ཆ་ཡང་གྱིས། གཏོར་མ་ཡང་བྱིན། གཞན་གྱི་མཐུ་མི་ཡོང་གསུངས་པའི་ལུང་བསྟན་ལ་བརྟེན་ནས་ཡིག་ཆ་ཡང་གཉིས་ཙམ་མཛད། གཏོར་མ་ཡང་མ་ཆག་པར་མཛད་དོ། །སྟོན་གཏོར་བསྔོ་བརྒྱ་ཚར་མཛད་དུས་སྤྱན་ཟུར་ལ་མགོན་ཁང་ནས་མི་ནག་དུང་ལོང་ཅན་གཅིག་ལམ་ཟབ་ལྷ་ཁང་ལ་སོང་། གཅེར་ཏེ་གཟིགས་པས་པུ་ཏྲར་འདུག ཆོས་སྲུང་འདི་རྣམས་ཤིན་ཏུ་འཇིགས་གསུངས་པ་སོགས་ཀྱིས་མཚོན་ཏེ་ཤེས་སོ། །སྤྱན་སྔ་དཀོན་མཆོག་རྒྱ་མཚོ་ལ་ཡང་ས་སྐྱ་པའི་བསྟན་སྲུང་རྣམས་ཀྱིས་གང་བསྒོ་བའི་ལས་རྣམས་མཛད་པས་འཕྲིན་ལས་མཁའ་ཁྱབ་ཏུ་གྱུར་ཏེ། སྔོན་འཇམ་དབྱངས་སངས་རིན་གྱིས་ཞལ་