R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༦བ
[A:༢༦བ] བསྐང་བ་བསྟོད་པ་རྒྱ་ཆེན་པོ་མཛད་པས། དེའི་དུས་སུ་ཀྱཻ་རྡོར་དང་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ། ཁྱད་པར་པུ་ཏྲ་ཆེན་པོ་ལུས་ཀྱི་སྟོད་ཉེང་བྱས་པ་གཅིག་མངོན་སུམ་དུ་གཟིགས་ཤིང་། གཞན་ཡང་ཆོས་སྐྱོང་མཉེས་པའི་རྟགས་བུད་མེད་རྒྱན་བཟང་པོས་བརྒྱན་པ་དང་། འཛུ་གེ་མང་པོ་དགྱེས་པའི་རྣམ་འགྱུར་ཅི་ཡང་བྱེད་པ་གཟིགས་ཏེ། དེ་ནས་ཆོས་སྐྱོང་འཁོར་བཅས་ལ་བསྟོད་པ་དགྲ་བགེགས་སྲོག་གཅོད་ཀྱི་འཁོར་ལོ་ཞེས་བྱ་བ་དང་། དཔལ་ལྷ་མོའི་བསྐང་གསོ་དངོས་གྲུབ་རོལ་མཚོ་གཉིས་བརྩམས་པར་མཛད་པ་ཡིན་ལ། ཡང་ལྷོ་བདག་པོས་སྤྱན་དྲངས་ནས་ལ་སྟོད་ཤེལ་དཀར་དུ་བཞུགས་དུས། དེར་སྔ་དྲོ་ཐུགས་དམ་གྲོལ་མཚམས་ཤིག་རྗེའི་གསུང་གིས། ད་རང་ཐོ་རངས་བྲམ་ཟེའི་གཟུགས་རལ་པའི་ཁྲོད་ན་སེང་ལྡེང་གི་རྡོ་རྗེ་རྩེ་ལྔ་པ་ཡོད་པ་ཞིག་བྱུང་སྟེ། ཁྱོད་རང་གི་མི་འཕྲོད་ཡོད་དོ་ཟེར་ནས་བནྡེ་ཕྱར་ཞགས་གྱོན་པ་གཉིས་གཏད་པའི་སྣང་བ་བྱུང་། ཕྱི་ན་མར་ལྟོས་ཤིག་དང་གསུངས། སྡེ་པས་སྒོ་ཕྱེ་འཕྲལ་